སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ། རྒྱལ་ཡོངས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བའི་ཡུལ་དངོས་ཚོགས་འདུའི་དགོངས་དོན་སྐོར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-30



          ཟླ་7པའི་ཚེས་28ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་ཤིང་། རྒྱལ་ཡོངས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བའི་ཡུལ་དངོས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁུར་པའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།དང་སི་ཁྲོན་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྐོར་གྱི་སྲོལ་ཡིག་ཚོད་ལྟའི་ལག་བསྟར།)》གྱི་ལག་བསྟར་ཞིབ་སྲོལ་སོགས་ལ་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
         ཚོགས་འདུའི་ཐོག་བསྟན་དོན།  ཐེངས་འདིའི་རྒྱལ་ཡོངས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བའི་ཡུལ་དངོས་ཚོགས་འདུ་དེ་རང་ཞིང་ནས་སྐོང་འཚོགས་བྱས་པས། ཀྲུང་དབྱང་གིས་རང་ཞིང་གི་ཞིང་གསུམ་ལས་དོན་ལ་གདེང་འཇོག་དང་རྒྱབ་སྐྱོར་བྱེད་པ་གང་ལེགས་སྒོས་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ལེན་དགོས། ཡང་དག་པའི་སྒོ་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བཀོད་ཀྱི་རིགས་ལམ་དང་བྱ་ཐབས་ཁོང་དུ་ཆུད་པ་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། འབད་བརྩོན་སྒོས་རང་ཞིང་གི་ཞིང་གསུམ་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་དགོས།
       ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་ཞིང་བཟོ་ཨུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཨུ་སོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཨ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། སྔར་བས་དོན་འཁྱོལ་ལག་བསྟར་ཡག་པོ་འཛིན་པར་རེ་བ་བཏོན། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ང་ཚོས་ནན་དང་དངོས་ཀྱི་དགོངས་དོན་གྱིས་ཞིང་ཨུའི་དབུལ་སྐྱོར་འགག་སྒྲོལ་གྱི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་ནན་པོ་གསུམ་དང་ཏན་ཏིག་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་པར་ཟུང་འབྲེལ་བྱས་ནས། ཏང་ཡོན་ལས་བྱེད་པས་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་མཛུབ་སྟོན་བྱས་པ་དང་། སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལས་དོན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་དང་དམ་འཛིན་ལྷོད་མེད། ཡུན་རིང་བརྩོན་པ་སོགས་བརྒྱུད། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་ལ་བརྟེན་ནས་ཆེད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱ་དགོས།
 
       ཚོགས་འདུའི་ཐོག་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁུར་པའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།དང་སི་ཁྲོན་ཞིང་ཆེན་གྱི་ཀྲུང་གོའི་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྐོར་གྱི་སྲོལ་ཡིག་ཚོད་ལྟའི་ལག་བསྟར)〉གི་ལག་བསྟར་ཞིབ་སྲོལ)》ལ་ཞིབ་བཤེར་གྲོས་འཆམ་བྱུང་། 
ཚོགས་འདུའི་ཐོག་ད་དུང་གནད་དོན་གཞན་དག་ལ་ཞིབ་འཇུག་བྱས།
 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1