རྒྱ་གར་གྱི་སྔོན་གྱི་སྲིད་འཛིན་བསྒྱུར་མདའ་སྲོལ་འབྱེད་པ་སྐུ་གཤེགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-30


  

  སྤྱི་ཟླ་7པའི་ཚེས་27ཉིན་གྱི་དགོང་མོར་རྒྱ་གར་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། རྒྱ་གར་གྱི་སྲིད་འཛིན་སྔོན་མ་དང་རྒྱ་གར་གྱི་བསྒྱུར་མདའ་སྲོལ་འབྱེད་པའི་མཚན་སྙན་བཞེས་ཡོད་པའི་ཨ་པུ་ཏེའོ་ཁུ་ལོན་མའེ་ལ་གློ་བུར་དུ་སྙིང་ནད་བྱུང་ནས་སྐུ་གཤེགས། དགུང་ལོ་83ཡིན། རྒྱ་གར་གྱི་སྲིད་ཕྱོགས་མི་སྣས་རྒྱ་གར་གྱི་སྲིད་འཛིན་བདམས་པའི་ཚན་རིག་པ་ཐོག་མ་དེ་ཡིན་པའི་ཆ་ནས། ཁུ་ལོན་མའེ་ཡིས་མི་ཚེ་ཧྲིལ་པོར་ཚན་རིག་ཞིབ་འཇུག་དང་། སྤྲོ་སེམས། བློ་རྩེ་གཅིག་ཏུ་གཞོལ་བ། སྙིང་རུས་བཅས་ཀྱིས་རྒྱ་གར་གྱི་མང་ཚོགས་དཀྱུས་མའི་མི་རབས་ཤིག་ལ་སྐུལ་མ་བཏང་ཡོད་པའི་གདེང་འཇོག་བྱས།  

  རྒྱ་གར་གྱི་མེ་ཅ་ལ་ཡ་ཚོགས་པའི་དབུ་བཞུགས་ཀྱི་དྲུང་ཡིག་ཨའོ་ཅི་ལིས་བཤད་རྒྱུར། སྤྱི་ཟླ་7པའི་ཚེས་27ཉིན། ཁུ་ལོན་མའེ་ཡིས་རྒྱ་གར་དོ་དམ་སློབ་གླིང་གི་སློབ་མ་རྣམས་ལ་གཏམ་བཤད་གནང་བའི་སྐབས་སུ་གློ་བུར་དུ་ས་ལ་འགྱེལ་ཏེ་མྱུར་དུ་སྨན་ཁང་དུ་བསྐྱལ། འཕྲལ་སྐྱོབ་བྱེད་ཀྱང་མ་ཕན་པར་སྐུ་གཤེགས། 

  ཁུ་ལོན་མའེ་སྐུ་གཤེགས་པའི་གནས་ཚུལ་བསྒྲགས་རྗེས། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱིས་ཁོང་ལ་མྱ་ངན་ཉིན་7ཞུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། རྒྱ་གར་གྱི་འཕྲིན་སྦྱོར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་7པའི་ཚེས་28ཉིན། ཁུ་ལོན་མའེ་ཡི་སྐུ་གདུང་རྒྱལ་ས་དྷེ་ལི་རུ་བསྐྱལ་ནས་དུར་དུ་སྦས་རྩིས་ཡོད་འདུག

  1950ལོར། ཁུ་ལོན་མའེ་ཡིས་སེན་ཐེ་ཇི་སི་ཧྥུ་སློབ་གླིང་དུ་ཞུགས་པ་དང་། སློབ་མཐར་ཕྱིན་རྗེས་མན་དི་རོན་སི་བཟོ་རིག་པའི་སློབ་གླིང་དུ་སོང་ནས། མཁའ་བསྐྱོད་བཟོ་སྐྲུན་རིག་པ་ཆེད་སྦྱོང་བྱས། 1958ལོར་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ནས་འབུམ་རམས་པའི་སློབ་གནས་ཐོབ། 1963ལོར། ཁུ་ལོན་མའེ་ཡིས་ལས་ཀའི་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ཏེ་རྒྱ་གར་གྱི་བར་སྣང་ཞིབ་འཇུག་ཚོ་ཆུང་ཞིག་ཏུ་ལས་གནས་སྤོས་ཏེ་བསྒྱུར་མདའི་ལག་རྩལ་ལ་ཞིབ་འཇུག་བྱས། དེ་རྗེས་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། ཁོང་དང་ལས་གྲོགས་ཚོ་མཉམ་དུ་ལག་རྩལ་གསར་གཏོད་ལ་གྲུབ་འབྲས་འབུར་དུ་ཐོན་པ་ཐོབ་སྟེ།  རྒྱ་གར་གྱི་བསྒྱུར་མདའ་སྲོལ་འབྱེད་པ་ཞེས་པའི་མཚན་སྙན་ཐོབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1