བྱ་ངང་པའི་གཏམ་རྒྱུད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



     ཚེ་ཁོ་ཧྥུའུ་སི་ཅི་ཡི་རོལ་དབྱངས་ཁྲོད་ཀྱི་བྱ་ངང་པ་དེ་དར་ལུང་རྣ་བའི་དཔྱིད་དུ་སིམ་པའི་མོད་ལ་ལུས་སེམས་ཡོངས་རྫོགས་དགའ་བ་འབུམ་གྱིས་མྱོས་པར་བྱས་ལ། ནན་ཅང་ཁྲན་གྱི་པར་རིས་བརྩམས་ཆོས་ནང་གི་བྱ་ངང་པ་མཐོང་ཚེ། མཛེས་པའི་རི་མོ་མིག་གི་དགའ་སྟོན་དུ་བཤམས་པས་རྨི་ལམ་གྱི་ཞིང་ཁམས་སུ་རོལ་བ་དང་མཚུངས། རྨ་ཀླུང་རིང་མོ་དལ་གྱིས་ས་སེར་མཐོ་སྒང་བརྒྱུད་ནས་ཀྲུང་ཧྭ་བྱང་རྒྱུད་ཀྱི་ཐང་ཆེན་དུ་འབབ་པའི་ཁུག་སོ་སྟེ་རང་རྒྱལ་གྱི་ཧྲན་ཤི་ཡིང་ཁྲན་དང་ཧོ་ནན་གྱི་ཧྲན་མན་ཤག་སོགས་ན་ཡོད་པའི་ན་འདམ་དང་མཚོ་རྫིང་རྣམས་ནི་བྱ་ངང་པའི་དགུན་གཞུང་རིང་མོ་བརྒལ་བའི་འཚོ་སའི་ཁྱིམ་གཞི་ཡིན།


    བྱ་ངང་དཀར། ངང་པ་དཀར་པོ་དང་ངང་པ་མཆུ་སེར་སོགས་འབོད། འཛམ་གླིང་ཐོག་ལྡིང་ཚད་ཆེས་མཐོ་བའི་བྱ་རིགས་ཡིན་པ་དང་ཇོ་མོ་གླང་མའི་དབུ་རྩེ་ནས་འཕུར་ལྡིང་བྱེད་ཐུབ་ལ་ཆེས་མཐོ་བའི་འཕུར་ལྡིང་གི་ཚད་སྨི་9000ཡན་སླེབས་ཐུབ། འཕུར་ལྡིང་བྱེད་སྐབས་གཤོག་སྣེ་གཉིས་ཀྱི་ཞེང་ཚད་སྨི་2、75ཙམ་ཡིན་པས་ངང་པའི་རིགས་སུ་གཟུགས་པོ་བོངས་ཚད་ཆེས་ཆེ་བའི་གྲས་ཡིན། གྷེ་ནན་ལན་གླིང་ཕྲན་དང་ཡོ་རོབ་བྱང་རྒྱུད། ཡ་གླིང་བྱང་རྒྱུད་བཅས་སུ་ཡོད་པ་དང་ཡོ་རོབ་གྱི་དབུས་རྒྱུད་དང་ཡ་གླིང་དབུས་རྒྱུད། ཀྲུང་གོ་བཅས་སུ་དགུན་བརྒལ་གྱིས་ཡོད། སྤྱི་ཟླ་ལྔ་པའི་ནང་བྱང་སྣེའི་ཉེ་འཁོར་དང་ཡོ་རོབ་གླིང་། ཡ་གླིང་གི་སྐམ་སའི་ཐོག་ཏུ་རྒྱུད་སྤེལ་བྱེད། ངང་དཀར་ནི་ཁྱོ་ཤུག་གཅིག་གི་ལམ་ལུགས་ཡིན་པ་དང་མངའ་ཁོངས་ནང་འདུས་ཀྱི་ལྟ་བ་ཡག་པོ་འཛིན་ཤེས་པ་རེད། རྒྱུད་སྤེལ་བྱེད་པའི་དུས་ཚིགས་ནང་དུ་ཁྱོ་ཤུག་ཟུང་དེ་ཡུན་རིང་པོར་མཉམ་དུ་འགྲོགས་ནས་གཞན་པ་དང་འདྲེས་པའི་སྲོལ་མེད། དགུན་ཁར་སླེབས་དུས་ངང་དཀར་300ནས~400ཙམ་མཉམ་དུ་འདྲེས་ནས་ཁྱུ་བྱས་ཏེ་མཐོན་མཐིང་ཨ་དབྱིངས་སུ་འཕུར་ལྡིང་གི་གར་ལ་རོལ། རྒྱུན་པར་གཙང་སྦྲ་ལ་ཧ་ཅང་དགའ་པོ་ཡོད། ཉིན་རྟག་པར་ཁྲུས་རྒྱག་ཏེ་དགུན་གཞུང་གི་དུས་ཚིགས་ཡིན་ནའང་ནམ་ཟླ་ཅི་ཙམ་འཁྱག་རུང་སྒྲོ་སྤུ་དཀར་ལ་མདངས་དང་ལྡན་པ་བྱས།


     ཟས་རིགས་ནི་ཆུ་སྐྱེས་རྩི་ཤིང་གི་རྩ་བ་དང་སྡོང་པོ། ལོ་མ། འབྲས་བུ་སོགས་ཡིན་པ་མ་ཟད་སྙི་ལུས་སྲོག་ཆགས་ཉུང་ཤས་ཙམ་དང་དེ་མིན་འབུ་སྲིན་དང་འགྲོན་བུ། ཉ་རིགས། སྦལ་བ། ས་འབུ་སོགས་བཟའ་བ་རེད།
ངང་སེར། ངང་པ་ཐོད་ནག་དང་ངང་པ་མཆུ་དམར་ཞེས་ཀྱང་འབོད། ཐོད་པའི་སྟེང་ཤ་འཛེར་འབུར་ཐོ་ཞིག་ཡོད་པས་ངང་པ་ཐོད་ནག་ཅེས་མིང་ཐོགས། དབྱིན་ཇི་རུ་ཡོད་ལ་གྲོང་ཁུལ་གྱི་རྫིང་བུ་དང་འབབ་ཆུ་རྒྱུད་དུ་རྒྱུན་པར་མཐོང་རྒྱུ་ཡོད། གཙོ་བོ་ཡོ་རོབ་གླིང་ན་ཡོད་པ་དང་ཡ་གླིང་དུ་ཉུང་ཤས་ལས་མེད། འདི་ནི་དབྱིན་ཇི་ཡི་ཆེས་ཆེ་བའི་བྱ་རིགས་ཡིན། གཤོག་པ་བརྒྱང་དུས་ཞེང་ཚད་ལ་སྨི་2、4ཙམ་ཡོད། ཕོ་མོ་གཉིས་ཀྱི་ནང་ནས་ཕོ་ཡི་ལུས་བོངས་ཆེ་བ་དང་། ཐོད་པའི་ཤ་འཛེར་དེ་བས་ཕྱི་རུ་མངོན་ཡོད། ངང་སེར་ཀྱང་ཁྱོ་ཤུག་གཅིག་གི་ལམ་ལུགས་ཡིན་པ་དང་མངའ་ཁོངས་ནང་འདུས་ཀྱི་ལྟ་བ་ཡག་པོ་འཛིན་ཤེས་པ་རེད། གལ་ཏེ་ཁྱོ་ཤུག་གཉིས་ཀྱི་ཚང་བེད་སྤྱོད་བྱེད་མི་རུང་ན་མ་གཏོགས་ལོ་རྟག་པར་ཁོ་གཉིས་ཚང་གཅིག་གི་ནང་ལོག་སྟེ་མཉམ་དུ་སྡོད་ཀྱིས་ཡོད། དེ་བས་ཉེན་ཁ་དང་འཕྲད་ན་རྒོལ་ལན་སློག་པའི་སྔ་རོལ་ཏུ་ཕོ་ཡིས་གཤོག་པ་བརྒྱང་སྟེ་གྲ་སྒྲིག་པའི་རྣམ་པ་བསྟན་པ་རེད། 
 


རྩོམ་ཡིག་སྔོན་མ།
གཙོད།
རྩོམ་ཡིག་རྗེས་མ།
༄༅། །དཔྱིད་ཀ་སླེབས་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1