རྔ་བ་རྫོང་གིས་སྐབས་དང་པོའི་ལས་བྱེད་པ་རྒན་པའི་སྐོར་བྲོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-31


བྱེད་སྒོའི་ཡུལ་དངོས། 

ཟླ་7པའི་ཚེས30ཉིན། སྐབས་དང་པོའི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ལས་འཁྱེར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པའི་སྐོར་བྲོ་འགྲན་བསྡུར་རྔ་བ་རྫོང་དུ་སྤེལ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་། རྔ་བ་ཁུལ་གྱི་སྨར་ཁམས་རྫོང་དང་ཁྲོ་ཆུ་རྫོང་། ཧུང་ཡོན་རྫོང་། རྔ་བ་རྫོང་བཅས་ནས་ཡོང་བའི་འཐུས་མི་ཚོགས་པ་བདུན་ཐེངས་འདིའིབྱེད་སྒོ་རུ་ཞུགས། ཐེངས་འདིའི་སྐོར་བྲོ་འགྲན་བསྡུར་གྱིས་ས་གནས་ཕན་ཚུན་གྱི་རིག་གནས་བརྗེ་རེས་དང་དམངས་འཚོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ནུས་ཆེན་པོ་ཐོན།  

བྱེད་སྒོའི་ཡུལ་དངོས། 

 གཟབ་ནན་དང་དྲང་བདེན་གྱི་དཔྱད་འདེམས་བརྒྱུད་ཀླུ་ཆུ་རྫོང་གི་འཐུས་མི་ཚོགས་པར་ཨང་དང་པོའི་གཟེངས་རྟགས་ཐོབ་པ་དང་།  རྔ་བ་ཁུལ་གྱི་ཁྲོ་ཆུ་རྫོང་དང་རྔ་བ་རྫོང་གི་འཐུས་མི་ཚོགས་པར་རིམ་པ་བཞིན་ཨང་གཉིས་པ་དང་གསུམ་པའི་གཟེངས་རྟགས་ཐོབ། སྨར་ཁམས་རྫོང་དང་ཧུང་ཡོན་རྫོང་གི་འཐུས་མི་ཚོགས་པར་རིམ་པ་བཞིན་ཁྱད་ཆོས་མངོན་གསལ་དོད་པའི་གཟེངས་རྟགས་དང་ཕུལ་བྱུང་གྱོན་གོས་ཀྱི་གཟེངས་རྟགས་ཐོབ་པ་རེད། 

བྱེད་སྒོའི་ཡུལ་དངོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1