གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༧ཚེས་༣༡ཉིན།

ཧྥ་རན་སིའི་ཁོངས་གཏོགས་རོས་ཡུས་གླིང་ཕྲན་དུ་གནམ་གྲུའི་ལྷུ་ལག་ཆག་རོ་ཞིག་གསར་དུ་རྙེད་པས། ཧྥ་རན་སིའི་ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་པ།


   2015ལོའི་ཟླ་7པའི་ཚེས་29ཉིན། ཧྥ་རན་སིའི་ཁོངས་གཏོགས་རོས་ཡུས་གླིང་ཕྲན་དུ་གནམ་གྲུའི་ལྷུ་ལག་ཆག་རོ་ཞིག་གསར་དུ་རྙེད་དེ། པོ་དབྱིན་རྟགས་ཅན་གྱི་གནམ་གྲུ་777གྱི་གཤོག་པ་དང་འདྲ་བས། འཕྲིན་སྦྱོར་ཁང་མང་པོ་ཞིག་གིས་དབྱེ་ཞིབ་བྱས་ནས་MH370ཅན་གྱི་ལྷུ་ལག་ཡིན་མིན་ཐེ་ཚོམ་ཟ་བཞིན་ཡོད།   

   སྤྱི་ཟླ་7པའི་ཚེས་29ཉིན། ཧྥ་རན་སིའི་འཕྲིན་སྦྱོར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཧྥ་རན་སའི་ཁོངས་གཏོགས་རོས་ཡུས་གླིང་ཕྲན་དུ་རྒྱ་མཚོའི་གྲམ་ཁ་གནམ་གྲུའི་གཤོག་པ་ཆག་རོ་ཞིག་གསར་དུ་རྙེད། ཧྥ་རན་སིའི་ཉེན་རྟོག་པས་བརྟག་དཔྱད་བྱེད་འགོ་ཚུགས་ཏེ་དེའི་ཡོང་ཁུངས་རྩད་གཅོད་བྱེད་བཞིན་ཡོད། 

འཕྲིན་སྦྱོར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་མཁའ་སྐྱོད་བདེ་འཇགས་ཆེད་ལས་པ་ཙེའེ་ཐའེ་ཐེ་མན་གྱིས་བཤད་རྒྱུ། གནམ་གྲུའི་གཤོག་པ་ཆག་རོ་འདིའི་ཡོང་ཁུངས་མ་ལེ་ཞི་ཡའི་གནམ་གྲུ་ཨང་རྟགས་MH370ཅན་གྱི་མགྲོན་སྐྱེལ་གནམ་གྲུ་མིན་པ་ཐག་གཅོད་མི་ཐུབ་ཟེར། འོན་ཀྱང་ཆེད་རམས་པ་ཁ་ཤས་ཀྱིས་འདི་རྩ་བ་ནས་ཕལ་ཆེར་སྲིད་རྒྱུ་མ་རེད། ལོ་ཁ་ཤས་ཀྱི་རིང་ལ་ས་ཁུལ་འདིར་གནམ་གྲུ་སྔ་ཕྱིར་གཉིས་སར་ལྷུང་སོང་བས་གཤོག་པ་ཆག་རོ་འདི་དེ་གཉིས་ཀྱི་ཕལ་ཆེར་ཡིན་རྒྱུ་རེད་ཟེར།

འཕྲིན་སྦྱོར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གནམ་གྲུའི་གཤོག་པ་ཆག་རོ་འདི་ལ་རིང་ཐུང་ཕལ་ཆེར་སྨི་གཉིས་ཡོད་པ་དང་། ཕར་བལྟས་ན་གནམ་གྲུའི་གཤོག་པའི་གྲུབ་ཆ་ཞིག་རེད། ཧྥ་རན་སིའི་ཁོངས་གཏོགས་རོས་ཡུས་གླིང་ཕྲན་རྒྱ་མཚོའི་གྲམ་ཁ་རུ་གཙང་འཕྱག་འགན་ཁུར་བའི་ཚོ་ཆུང་ཞིག་གིས་ལྷུ་ལག་ཆག་རོ་འདི་གསར་དུ་རྙེད། དེའི་དུས་སུ་ནང་དུ་འབུ་སྐོགས་ཀྱི་གང་ཡོད་པས། ཆུའི་ནང་དུ་དུས་ཡུན་རིང་པོ་ཞིག་འགོར་ཡོད་པ་རྟོགས། 

ཧྥ་རན་སིའི་འཕྲིན་སྦྱོར་ཁང་གི་ཧྥ་རན་སིའི་མཁའ་བསྐྱོད་སྐྱེལ་འདྲེན་ཉེན་རྟོག་ལས་ཁུངས་ཀྱི་ཆ་འཕྲིན་བརྒྱུད་ནས་བཤད་རྒྱུར།    ད་ལྟ་མཇུག་བསྡོམས་བྱེད་རྒྱུ་སྔ་སོང་བས། མིག་སྔར། གནམ་གྲུའི་ལྷུ་ལག་ཆག་རོ་འདི་གནམ་གྲུའི་རིགས་གང་གི་ཁོངས་སུ་གཏོགས་པ་གཏན་འཁེལ་བྱ་དགོས། དེ་རྗེས་མཁའ་སྐྱོད་སྤྱི་གཉེར་ཁང་གང་གི་ཡིན་པ་གཏན་ཁེལ་བྱ་ཆོག 

ཧྥ་རན་སིའི་འཕྲིན་སྦྱོར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། 2006ལོར་ཤེད་འཕྲུལ་གཉིས་ཡོད་པའི་གནམ་གྲུ་ཞིག་ཧྥ་རན་སིའི་ཁོངས་གཏོགས་རོས་ཡུས་གླིང་ཕྲན་གྱི་རྒྱ་མཚོའི་འགྲམ་གྱི་ཉེ་འཁོར་དུ་སར་ལྷུང་བ་དང་། 2009ལོར་ཁོ་མོ་རོ་གླིང་ཚོམ་གྱི་ཉེ་འགྲམ་དུ་ཡེ་མེན་མཁའ་བསྐྱོད་སྤྱི་གཉེར་ཁང་གི་མགྲོན་སྐྱེལ་གནམ་གྲུ་སྟོང་པ་A310རྟགས་ཅན་སར་ལྷུང། སྤྱི་ཟླ་7པའི་ཚེས་29ཉིན། གནམ་གྲུའི་གཤོག་པ་ཆག་རོ་ཞིག་རྙེད་པ་འདི་གནམ་གྲུ་འདི་གཉིས་ཀྱི་ལྷུ་ལག་ཡིན་ཤས་ཆེ།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1