སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་ལྔ་གཅིག་པའི་ཀྲུའུ་རེན་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-04


      སྤྱི་ཟླ་8པའི་ཚེས་3ཉིན། ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་ལྔ་གཅིག་པའི་ཀྲུའུ་རེན་གྲོས་ཚོགས་འཚོགས།  གྲོས་ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་མངགས་བཅོལ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཁྲེན་ཀོང་ཀྲི་ཡིས་ཚོགས་འདུར་གཙོ་སྐྱོང་བྱས། 

   གྲོས་ཞིབ་བརྒྱུད་ཚོགས་འདུའི་སྟེང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་《སི་ཁྲོན་ཞིང་ཆེན་གྱི་2015ལོའི་ཟླ1པོ་ནས་6པའི་བར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ།》དང་《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སི་ཁྲོན་ཞིང་ཆེན་གྱི་2014ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཞན་པའི་གཏོང་ལེན་གྱི་རྩིས་བཤེར་ལས་ཀའི་སྙན་ཞུ། 》《སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཁྲིམས་འཛིན་ཞིང་བཤེར་ཚན་ཆུང་གིས་༼སི་ཁྲོན་ཞིང་ཆེན་གྱི་ལས་ཐོག་ཁྲིམས་འགལ་སྔོན་འགོག་སྲོལ་ཡིག༽ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་ཞིང་འབྲེལ་ཡོད་སྙན་ཞུ་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་སོ་སོར་ཡར་ཞུ་བྱ་རྒྱུར་གྲོས་མཐུན་བྱུང་།

  གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལག་བསྟར་གནས་ཚུལ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལས་ཀའི་སྙན་ཞུ།ཐེངས་གཉིས་ལ་ཞིབ་བཤེར་བརྒྱུད་པའི་《 སི་ཁྲོན་ཞིང་ཆེན་མངོན་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་(བཟོ་བཅོས་འཆར་འགོད)》གི་གྲོས་ཞིབ་དང་ཐག་གཅོད་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་གྲོས་མོལ་བྱས། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1