ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་བསྡུར་དེ་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་སྒ་སྐྱ་ལོའི་རྩྭ་ཐང་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-06




མཛའ་གཞས་ལེན་བཞིན་པ།

        སྤྱི་ཟླ8པའི་ཚེས4ཉིན། 2015ལོའི་མི་ཆུང་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་བསྡུར་དེ་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་མཛེས་སྡུག་ལྡན་པའི་སྒ་སྐྱ་ལོའི་རྩྭ་ཐང་དུ་གཟབ་རྒྱས་ངང་སྤེལ་ཞིང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། འབྲི་སྟོད་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས། མཚོ་སྔོན“གྱི་ཐང”གྲངས་ཉུང་མི་རིགས་ཀྱི་དམངས་ཀྲོད་རིག་གནས་བརྒྱུད་སྒྲོག་གསར་སྐྲུན་ལྟེ་གནས་ཀྱིས་འགན་སྒྲུབ་གནང་།
        བོད་ཀྱི་མཛའ་གཞས་ནི་མཐོ་སྒང་ན་འཚོ་བའི་བོད་རིགས་མི་དམངས་ཀྱིས་བརྩེ་དུང་ལ་བསྟོད་ར་དང་མཛེས་སྡུག་ལྡན་པའི་འཚོ་བ་བརྗོད་པའི་གཞས་ཤིག་སྟེ། བོད་རིགས་མི་དམངས་བརྩེ་དུང་ལ་སྙེག་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ཞིང་།  དེར་མཐོ་སྒང་གི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་མཛེས་ཉམས་དོད་པ་མ་ཟད་བོད་ཀྱི་རིག་གནས་ཀྱི་གཅེས་ནོར་དང་། མི་རིགས་སོ་སོའི་ཕུལ་བྱུང་དམངས་ཁྲོད་རིག་གནས་ཤུལ་བཞག་བང་མཛོད་ཁྲོད་ཀྱི་མཚར་སྡུག་ཅིག་ཀྱང་ཡིན།
        སྐབས་འདིའི་རྒྱལ་ཡོངས་བོད་ཀྱི་མཛའ་གཞས་འགྲན་བསྡུར་ལ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན།  བོད་ལྗོངས་སོགས་ས་ཁུལ་གྱི་གླུ་བ་གླུ་མ30ལྷག་སྒ་སྐྱ་ལོའི་རྩྭ་ཐང་དུ་འཛོམས་ཏེ་དབུས་སྐད་དང་ཁམས་སྐད། ཨ་མདོའི་སྐད་བཅས་ཀྱི་ལམ་ནས་མཛའ་གཞས་འགྲན་བསྡུར་བྱེད་པ་ཡིན།
       དེའི་སྐབས་སུ་ཁམས་པའི་ལ་གཞས་དང་། 《གེ་སར》སྒྲུང་བཤད། ཀྲུང་གོའི་ཁམས་པའི་ལ་གཞས་རིག་གནས་ཀྱི་ཕ་ས་ཞེས་པའི་རྟོག་ཞིབ་མིང་འདོགས་མཐའ་དཔྱོད་ཚོགས་འདུ་སོགས་བྱ་འགུལ་རབས་དང་རིམ་པས་འགྲན་བསྡུར་འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།


སྐུ་མགྲོན་དང་གླུ་བ་གླུ་མའི་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1