རང་བྱུང་ཁམས་ཀྱི་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



    2012ལོའི་སྤྱི་ཟླ་10ཚེས་18ཉིན་དབྱིན་ཇིའི་ཚན་རིག་མཁས་པའི་རྗེས་སྙེག་བརྟག་དཔྱད་ལས་གསལ་མཚོན་བྱུང་བར་གཞིགས་ན་ལྷོ་ཨ་རིའི་གླིང་ཕྲན་མེ་ལྗེ་ལོན་མཚོ་འགག་ཁུལ་དུ་འཚོ་སྡོད་བྱེད་བཞིན་པའི་ངང་པ་རེ་འཆང་ཁྱོ་ཤུག་གཉིས་ནས་ལོ་ངོ་བཅུ་དྲུག་རིང་བརྩེ་བ་འགྱུར་མེད་ཀྱི་བཟའ་ཟླའི་འབྲེལ་བ་བཟུང་ཡོད་པ་དེས་ད་བར་མི་རྣམས་ཀྱིས་ངང་པ་རེ་འཆང་གི་བཟའ་ཟླའི་འབྲེལ་བ་དེ་མ་མཐར་ལོ་ངོ་བཅུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་ངོས་འཛིན་གྱི་ཟིན་ཐོ་ལས་བརྒལ་ཡོད།


    ཚན་རིག་མཁས་པས་ལོ་ངོ་སུམ་ཅུའི་རིང་ངང་པ་རེ་འཆང་ཁྲི་ལྔའི་རྗེས་སུ་སྙེགས་ཏེ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གོང་གསལ་ངང་པ་རེ་འཆང་དེ་གཉིས་ཀྱིས་འདས་པའི་ལོ་ངོ་བཅུ་དྲུག་རིང་གི་དུས་ཡུན་རིང་པོར་བཟའ་ཟླའི་འབྲེལ་བ་སོར་གནས་བྱས་ཡོད་པ་མ་ཟད།  ལོ་ངོ་དེ་དག་གི་དགུན་དུས་གནས་སྤོའི་སྐབས་སུ་ཡང་འགྲུལ་བཞུད་རྒྱང་ཐག་སྤྱི་ལེ་ཁྲི་སུམ་ཅུ་སོ་གཉིས་ཀྱི་ལམ་ཚད་བགྲོད་ཡོད་འདུག


    དེ་སྔོན་ཚན་རིག་མཁས་པས་ངང་པ་རེ་འཆང་གི་བཟའ་ཟླའི་འབྲེལ་བ་ནི་ལོ་ངོ་བཅུ་ལས་རྒྱུན་འཛིན་བྱེད་མི་ཐུབ་པའི་ངོས་འཛིན་བྱས་ཡོད། གང་ཡིན་ཟེར་ན་ངང་པ་རེ་འཆང་གི་གནས་སྤོའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་ནང་རྟག་ཏུ་འཆི་སྐྱོན་ཉེན་ཁའི་བར་ཆད་མང་པོ་འཕྲད་ཀྱི་ཡོད་པས་སོ། མི་རྣམས་ཀྱིས་སྲོག་ཆགས་ཀྱི་འཇིག་རྟེན་ལས་ཤེས་གསལ་ལྟར་ན་ངང་པ་རེ་འཆང་ནི་བཟའ་ཟླའི་འབྲེལ་བའི་ཐད་ལ་གྱ་གྱུ་མེད་པའི་སྲོག་ཆགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་བརྩེ་བ་དང་ལ་རྒྱ་བརྟན་སྲུང་ཆེ་བའི་སྲོག་ཆགས་ཀྱི་ཁོངས་སུ་ད་དུང་ཆུ་བྱ་དཀར་སྐྱ་དང་ཧྥ་རན་སིའི་ཉ་དྲང་སྲོང་བཅས་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1