གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༠༦ཉིན།

སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་འཚོགས་པ་དང་ཝང་ཏུང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

གྲོས་ཚོགས་ཡུལ་དངོས། 

         སྤྱི་ཟླ་8པའི་ཚེས་4ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝའེ་ཧུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁུའུ་བཙུན་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་ལི་བཅས་ཚོགས་འདུར་ཞུགས།  

         ཝང་ཏུང་མིང་གིས་གསུང་བཤད་གནང་དོན། དུས་སྐབས་འདིར་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྤྱིའི་བླང་བྱ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ལ་སློབ་སྦྱོང་ནན་མོ་བྱེད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བགྲོད་དགོས། 

         ཝང་ཏུང་མིང་གིས་བསྟན་དོན། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། ལྷག་པར་ཏུ་འཐབ་ཕྱོགས་གཅིག་གྱུར་དང་དབུལ་སྐྱོར་ཐོན་ཁུངས་སྡེབ་སྒྲིག་བྱེད་ནས། རིག་སྟོབས་དབུལ་སྐྱོབ་དང་ཚན་རྩལ་དབུལ་སྐྱོབ། ཐོན་ལས་དབུལ་སྐྱོབ། སློབ་གསོ་དབུལ་སྐྱོབ། སྐྱེ་ཁམས་དབུལ་སྐྱོབ་དང་གནོད་རྗེས་བསྐྱར་བསྐྲུན་ལ་སྐུལ་འདེད་ནན་མོ་བྱེད་ནས་དབུལ་སྐྱོབ་དར་སྤེལ་ལ་ནུས་ཤུགས་འདོན་དགོས། །

         ཝང་ཏུང་མིང་གིས་ནན་གྱིས་གསུང་དོན། མུ་མཐུད་དུ་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་ལས་ཀ་ལེགས་པོར་སྒྲུབ་དགོས་ཏེ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཙིགས་སུ་བཟུང་ནས་ཁོ་ཚོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་བྱ་བར་སྣེ་ཁྲིད་དང་སྐུལ་སློང་བྱེད་དེ། ཧུར་བརྩོན་རང་འགུལ་གྱིས་བཅོས་སྒྱུར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱེད་དགོས། དཔལ་འབྱོར་གསར་པའི་རྩ་འཛུགས་དང་སྤྱི་ཚོགས་གསར་པའི་རྩ་འཛུགས་ཁྲོད་ཀྱི་ཤེས་ལྡན་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ལེགས་པོ་བསྒྲུབ་ནས། འཕྲིན་སྦྱོར་གསར་པའི་ལས་ཞུགས་མི་སྣ་སོགས་དྲ་རྒྱའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་ཤུགས་སྣོན་བྱེད་དགོས། དུས་རྒྱུན་དུ་འབྲེལ་གཏུག་ཐབས་ལམ་བཙུགས་ནས་ཁོ་ཚོར་དྲ་རྒྱའི་བར་སྟོང་གཙང་བཟོ་བྱེད་པ་དང་། ཡང་དག་པའི་བསམ་བློ་དར་སྤེལ་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མྱོང་བའི་ཤེས་ལྡན་མི་སྣར་ལས་སྟེགས་སྐྲུན་ནས་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་དགོས་ཞེས་གསུངས།

         ཝང་ཏུང་མིང་གིས་བསྟན་དོན། སི་ཁྲོན་ནི་མི་རིགས་དང་ཆོས་ལུགས་ལས་ཀའི་ཞིང་ཆེན་གཙོ་བོ་ཞིག་ཡིན་པས། འཕེལ་རྒྱས་ནི་ངེས་པར་ཏུ་མི་རིགས་སོ་སོ་མཐུན་སྒྲིལ་གོང་འཕེལ་གྱི་གཞི་རྩའི་ཐབས་ལམ་བྱས་ནས། མུ་མཐུད་དུ་འགྲུམ་འགྲིལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་གཙིགས་སུ་བཟུང་ནས་ནུས་ཕྱོད་མཐོ་བའི་ཞིང་ལས་དང་རི་ཁུལ་སྐྱེ་ཁམས་ཞིང་ལས། དེང་རབས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། བེད་སྤྱོད་ཐོན་ཁུངས་ཚན་རིག་དར་སྤེལ་གཏོང་དགོས། ཤེན་ཤུགས་ཆེན་པོས་དམངས་འཚོ་ལེགས་བཅོས་དང་དབུལ་སྐྱོར་འགག་སྒྲོལ་སྐུལ་སྤེལ་དང་། བོད་ཁུལ་དམངས་འཚོ་ལས་དོན་འཆར་གཞི་དྲུག་དང་དབྱིས་ཁུལ་དབུལ་སྐྱོར་ལས་དོན་བཅུ་ཟབ་སྤེལ་བྱེད་ནས། དབུལ་ཕོངས་མང་ཚོགས་དུས་བཀག་ནང་དབུལ་སྒྲོལ་ཐུབ་པ་དང་། གནད་འཁེལ་དབུལ་སྒྲོལ་ཐུབ་པ་འགན་ལེན་བྱེད་དགོས། མི་རིགས་ས་ཁུལ་གྱི་ཁྲིམས་ལྟར་འཛུགས་སྐྱོང་ནན་མོ་སྤེལ་ནས་ཁྲིམས་སྐྱོང་ཁྱབ་བསྒྲགས་སློབ་གསོ་རྒྱུན་མཐུད་བྱེད་པ་གནད་དུ་ཁེལ་དགོས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་འོང་བར་སྣེ་ཁྲིད་དེ། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ཤུགས་སྣོན་བྱེད་ནས། མི་རིགས་དང་ཆོས་ལུགས་ལས་དོན་གྱི་གཞི་རིམ་རྨང་གཞི་སྲ་བརྟན་གཏོང་དགོས། 

        ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ཚའེ་པའོ་ཧྭ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང། ཞིང་ཆེན་ཐད་གཏོགས་སྡེ་ཁག ཚན་རིག་ཞིབ་འཇུག་ལས་ཁུངས། མཐོ་རིམ་སློབ་གྲྭ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཙུའུ་འབྲེལ་ཡོད་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1