གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༠༦ཉིན།

རྒྱ་གར་གྱི་མེ་འཁོར་གཉིས་ལྕགས་ལམ་ལས་ཤོར་ཏེ་གཙང་བོའི་ནང་ལྷུང་།


               སྤྱི་ཟླ་8པའི་ཚེས་5ཉིན། རྒྱ་གར་གྱི་མེ་འཁོར་གཉིས་ལྕགས་ལམ་ལས་ཤོར་ཏེ་གཙང་བོའི་ནང་ལྷུང་པ་དང་མི་12རྐྱེན་ལམ་དུ་ཤོར་ཞིང་མི་བཅུ་ལྷག་ལ་རྨས་ཕོག

              ས་གནས་སྲིད་འཛིན་པ་ཞིག་གིས་མེ་འཁོར་གཅིག་གི་འཁོར་སྒྲོམ་ལྔ་གཙང་པོར་ནུབ་པས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མུ་མཐུད་ནས་གོང་དུ་འཕར་བཞིན་འདུག སྔོན་དཔག་བྱས་པ་ལྟར་ན་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་ལྷག་བརྒལ་སྲིད་ཅེས་བཤད། 

              དོན་རྐྱེན་བྱུང་ས་ནི་རྒྱ་གར་གྱི་ལྟེ་གནས་གྲོང་ཁྱེར་པོའོ་ཕོར་ལྷོ་ཕྱོགས་ཀྱི་སྤྱི་ལེ་160མཚམས་ན་ཡོད་པའི་གྲོང་ཁྱེར་ཧྭར་ཐཱའི་ཉེ་འགྲམ་ཡིན་ལ། ཉིན་འདི་དག་ལ་ཆར་བ་འབབ་ཚད་ཆེ་བས་ལྕགས་ལམ་ཆུས་ནུབ་པ་རེད། ས་གནས་དེ་གའི་ཟམ་པ་ཞིག་བརྒྱུད་སྐབས་མེ་འཁོར་གཅིག་གི་འཁོར་སྒྲོམ་འགའ་ཆུ་ནང་དུ་ནུབ་ཤིང་། མེ་འཁོར་ཅིག་ཤོས་ཀྱི་སྒྲོམ་མགོ་དང་འཁོར་སྒྲོམ་དང་པོའང་ལྕགས་ལམ་ལས་ཤོར་ཏེ་གཙང་པོའི་ནང་ནུབ་པ་རེད།

              ས་གནས་སྲིད་འཛིན་པ་ཞིག་གིས་གཙང་བོའི་ནང་ནུབ་པའི་མེ་འཁོར་གྱི་འཁོར་སྒྲོམ་གཅིག་ལ་འདུག་སྟེགས་72ཡོད་པས་འགྲུལ་པ་མང་པོ་ཞིག་ད་དུང་གཙང་པོར་ནུབ་པའི་འཁོར་སྒྲོམ་ནང་ལུས་ཡོད་ངེས་ཞེས་བཤད།

        ས་གནས་སྲིད་གཞུང་དང་བཅའ་སྡོད་དམག་མིས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད། །



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1