ཟི་ལིང་ནས་ཁྲེན་ཏུའུ་བར་གྱིས་ལྕགས་ལམ་གྱི་དུས་སྔོན་བྱ་བ་མགོ་བརྩམས་པ་དང་ལེགས་གྲུབ་བྱུང་རྗེས་ཁྲིན་ཏུའུ་ལ་ཆུ་ཚོད6གིས་ཐོན་ཐུབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-07


 

               སྤྱི་ཟླ་7པའི་ཚེས་30ནས་ཟླ་8པའི་ཚེས་1བར། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་ཟིས་ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་བརྒྱུད་པའི་ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན་ཞིང་ཆེན་གསུམ་གྱི་ལམ་རྒྱུད་ལ་ཡུལ་དངོས་ནས་ལྟ་ཞིབ་མཛད། ཟླ་8པའི་ཚེས་2ཉིན་ཟི་ལིང་ནས་རྩ་འཛུགས་བྱས་ནས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལ་ཞིབ་འཇུག་དབྱེ་ཞིབ་ཀྱི་ཚོགས་འདུ་བསྡུས། ཟི་ལིང་ནས་ཁྲིན་ཏུའུ་ལྕགས་ལམ་གྱི་དུས་སྔོན་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་རྗེས་ཕྱོགས་ནས་ཟི་ལིང་ནས་ཁྲིན་ཏུའུ་ཡི་མེ་འཁོར་ལ་བསྡད་ན་ཆུ་ཚོད་6གིས་ཐོན་ཐུབ་པ་རེད།

             ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི་ནུབ་བྱང་ས་ཁུལ་ནས་ལྷོ་ནུབ། ཧྭ་ནན་ས་ཁུལ་ལ་འབྲེལ་མཐུད་བྱེད་པའི་ལྕགས་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ལྟེ་གནས་དང་མཚོ་ཐོག་དར་གོས་ཚོང་ལམ་གཉིས་ཀྱི་འབྲེལ་མཐུད་གཙོ་བོ་ཡིན། ལས་གཞི་མགོ་བརྩམས་པ་དེས་ནུབ་རྒྱུད་གྲངས་ཉུང་མི་རིགས་ལྕགས་ལམ་འགྲུལ་སྐྱེལ་དྲ་བ་འཐུས་ཚང་དང་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་ཞིང་ཆེན་གསུམ་གྱི་ས་ཁོངས་སྤྱི་ཚོགས་དཔལ་འབྱོར་དང་ལམ་རྒྱུད་རྒྱལ་སའི་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་ཀྱི་གྲངས་ཉུང་མི་རིགས་དབུལ་ཕོངས་ས་ཁུལ་དག་ཕྱུག་ལམ་གྱི་གོམ་ཁ་ཇེ་མགྱོགས་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1