གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༠༧ཉིན།

པད་མ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》རྒྱལ་སྤྱིའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

རྒྱལ་སྤྱིའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་སྐབས༧༢པའི་ཁྱབ་བསྒྲགས་རི་མོ། 

 ཞིན་ལའང་དྲ་བར་གནས་ཚུལ་སྤེལ་གསལ། ཉེ་ཆར། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ལྔ་བཐར་ལོཞེས་པ་དེ་གློག་བརྙན་དུས་ཆེན་གྲགས་ཅན་རྒྱལ་སྤྱིའི་ཝེ་ཉི་སིའི་གློག་བརྙན་དུས་ཆེན་Venice International Film Festivalསྐབས༧༢པའི་འགྲན་ཞུགས་གློག་བརྙན་གྲས་སུ་ཚུད་འདུག་ལ། དེར་ཚུད་པ་ཡིས་གློག་བརྙན་དེའི་སྒྱུ་རྩལ་ཆུ་ཚད་སོགས་རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་པ་མཚོན།

 

གློག་བརྙན་ཐར་ལོགློག་བརྙན་དུས་ཆེན་དེར་ཚུད་པའི་ཁྱབ་བསྒྲགས།

རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྲགས་ཅན་གསུམ་གྱི་ཡ་གྱལ་ཝེ་ཉི་སིའི་གློག་བརྙན་དུས་ཆེན་ནི་1932ལོར་མགོ་ཚུགས་ཤིང་འཛམ་གླིང་གི་རྒྱལ་སྤྱིའི་རང་བཞིན་གྱི་གློག་བརྙན་དུས་ཆེན་དང་པོ་དེ་ཡིན་ལ། ལོ་རྒྱུས་ཡུན་རིང་ལྡན་པ་དང་། གློག་བརྙན་དུས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་གྱི་སྒྱུ་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་ཞིང་། བྱ་དགའ་ཆེ་ཤོས་ནི་གསེར་གྱི་སེང་གེ་ཞེས་པའི་བྱ་དགའ་དེ་ཡིན། 

 

གློག་བརྙན་དུས་ཆེན་དེའི་བྱ་དགའ་ཆེ་ཤོས་ཏེ་གསེར་གྱི་སེང་གེ་ཞེས་པའི་བྱ་དགའི་རྟགས་མ།

བརྙན་ཕབ་ཚན་ཆུང་། 

གློག་བརྙནཐར་ལོརུ་གཙོ་བོ་ཕྱུགས་རྫི་ཐར་ལོ་སྡོད་དམངས་ལག་ཁྱེར་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་། གློག་བརྙན་འདིའི་འཁྲབ་གཞུང་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་ངོ་སྤྲོད་གནང་བ་ལྟར་ན། གློག་བརྙན་འདི་བརྒྱུད་ཁོང་རང་གིས་ཕ་ཡུལ་ལ་བཅངས་བའི་བརྩེ་བ་དང་དྲན་གདུང་མཚོན་ཅི་ཐུབ་བྱས་ཡོད་པ་དང་ཆབས་ཅིག གློག་བརྙན་འདི་གློག་བརྙན་སྔོན་མ་དག་ལས་ཐོད་བརྒལ་གསར་བ་ཡོང་ཐབས་ལ་འབད་པ་གནང་ཡོད་པ་རེད།

 

གློག་བརྙན་ནང་གི་ཐར་ལོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1