ནེ་ཝང་གླིང་ཕྲན་སྟེང་གི་གནམ་གྲུའི་ཆག་རོ་དེ་མ་ལེ་ཞི་ཡིའི་གནམ་གྲུ་MH370ཡིན་པར་ཐག་གཅོད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-07



སྤྱི་ཟླ་8པའི་ཚེས་6ཉིན། མ་ལེ་ཞི་ཡའི་ཙུང་ལི་ནེ་ཅི་པོའོ་ཅི་ལོན་པོའོ་གྲོང་ཁྱེར་ནས་ཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་ཞུགས་པ། 

 

ཧྥ་རན་སིའི་གླིང་ཕྲན་ནེ་ཝང་གླིང་ཕྲན་སྟེང་རྙེད་པའི་མ་ལི་ཞེ་ཡའི་གནམ་གྲུ་MH370ཡི་ཆག་རོ།

  མ་ལེ་ཞི་ཡའི་ཙུང་ལི་ནེ་ཅི་པོའོ་ཡིས་ཚེས་6་ཉིན་ཅི་ལོན་པོའོ་རུ་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་སྟེང་ཟླ་7པའི་ཚེས་29ཉིན་ཧྥ་རན་སིའི་ནེ་ཝང་གླིང་ཕྲན་སྟེང་རྙེད་པའི་གནམ་གྲུའི་ཆག་རོ་དེ་2014ལོའི་ཟླ་3པའི་ཚེས་8ཉིན་འབྲེལ་ལམ་ཆད་པའི་མ་ལེ་ཞི་ཡའི་གནམ་གྲུ་MH370ཡི་ཆག་རོ་ཡིན་པ་གསལ་བསྒྲགས་བྱས།

  ནེ་ཅི་པོའོ་ཡི་ཚེས་6ཉིན་གྱི་ནངས་མོ་ཆུ་ཚོད་2ཀྱི་སྟེང་གནས་སྐབས་སུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། རྒྱལ་ཁབ་ཆེད་མཁས་པའི་ཚན་ཆུང་གིས་དངོས་བཤེར་བྱས་པ་བརྒྱུད་ཧྥ་རན་སིའི་ནེ་ཝང་གླིང་ཕྲན་སྟེང་རྙེད་པའི་གནམ་གྲུའི་ཆག་རོ་དེ་མ་ལེ་ཞི་ཡའི་གནམ་གྲུMH370ཡི་ཆག་རོ་ཡིན་པ་བདེན་དཔང་བྱས་ཟིན་ཞེས་བསྟན། 

  ཁོང་གིས་ད་དུང་གནམ་གྲུ་MH370འབྲེལ་ལམ་ཆད་དེ་ཉིན་515འགོར་ཟིན་ལ། བསྡོམས་པའི་རྒྱལ་ཁབ་26འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་ལ་ཞུགས་པ་རེད། རྒྱལ་སྤྱིའི་མྱུར་སྐྱོབ་ཚོགས་པས་ལྷོ་ཀྲུང་གོའི་རྒྱ་མཚོ་ནས་ཧིན་རྡུ་རྒྱ་མཚོ་ཆེན་པོའི་བར་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་འཚོལ་ཞིབ་དང་མྱུར་སྐྱོབ་བྱས་པ་རེད་ཅེས་བསྟན།

  ཁོང་གིས་གོ་སྐབས་འདི་དང་སྦྲགས་གནམ་གྲུ་སྟེང་རྐྱེན་ལམ་དུ་ཤོར་བའི་འགྲུལ་བ་239ཡི་ཁྱིམ་མིར་གསལ་ཐག་ཆོད་པའི་ལན་ཞིག་བཏབ་པ་དང་ཁོས་མ་ལེ་ཞི་ཡ་སྲིད་གཞུང་གི་ཚབ་མཛད་དེ་ཐབས་བརྒྱ་ཇུས་སྟོང་གིས་གནམ་གྲུ་MH370འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་ངོ་མ་འཚོལ་ཞིབ་བྱེད་ངེས་ཡིན་ཞེས་ཁས་ལེན་བྱས།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1