རྔ་བ་ཁུལ་གྱིས་སྐབས་དང་པོའི་སློབ་ཆེན་པའི་ལས་སྒོ་གསར་འབྱེད་ཀྱི་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-07


བྱེད་སྒོའི་ཡུལ་དངོས། 

  སྤྱི་ཟླ་8པའི་ཚེས་4ཉིན། རྔ་བ་ཁུལ་གྱིས་གྲོང་སྡེ་ཡིད་རྟོན་རྟགས་མའི་སློབ་ཆེན་སློབ་མའི་ལས་སྒོ་གསར་འབྱེད་ཀྱི་རྟིང་རྩོད་བྱེད་སྒོ་དེ་འབར་ཁམས་ནས་སྤེལ། འགྲན་ཞུགས་པ་13གྱིས་རེ་འདུན་དང་རྨི་ལམ་གྱིས་བརྟས་པའི་ལང་ཚོའི་གཟི་དཔལ་ངོམ་ཞིང་VCRཡི་འགྲེམས་སྟོན་དང་། ལས་སྒོ་གསར་འབྱེད་ཀྱི་གཏམ་བཤད། དཔྱད་འདེམས་པའི་དྲི་བར་ལན་འདེབས་པ་བཅས་འགྲན་བསྡུར་གྱི་གོ་རིམ་རེ་རེ་ལས་ན་གཞོན་ཞིག་ལ་ཡོད་འོས་པའི་བློ་སྤོབས་དང་ཡིད་ཆེས་མངོན་ཡོད། 

  རྔ་བ་ཁུལ་གྱི་སྐབས་དང་པོའི་སློབ་ཆེན་པའི་ལས་སྒོ་གསར་འབྱེད་ཀྱི་བྱེད་སྒོ་འགོ་བརྩམས་ཉིན་ནས་བཟུང་མིང་ཐོ་འགོད་མཁན་མང་པ་དང་ལས་གཞིའི་ཁྱབ་རྒྱ་ཡངས་པ། སྤྱི་ཚོགས་ཤུགས་རྐྱེན་ཆེ་བ་བཅས་ཀྱི་སྣང་ཚུལ་བྱུང་བ་རེད། འདིས་རྔ་བ་ཁུལ་གྱི་ན་གཞོན་སློབ་ཆེན་པའི་ལས་སྒོ་གསར་འབྱེད་ལ་བཅངས་པའི་སྤྲོ་སེམས་དང་ཧུར་བརྩོན་ཡར་བསྐྱེད་ཀྱི་སྙིང་སྟོབས་མཚོན་ཡོད།རྟིང་རྩོད་འགྲན་བསྡུར་ལ་ཞུགས་པའི་འགྲན་ཞུགས་པ་དག་ནི་ཐོག་མའི་ཞིབ་བཤེར་དང་བསྐྱར་མའི་ཞིབ་བཤེར། ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་བཅས་ཀྱི་གོ་རིམ་བརྒྱུད་ཆེས་ཕུལ་དུ་བྱུང་བ་དག་བདམས་པ་རེད། འགྲན་ཞུགས་རུ་ཁག་དག་གི་དངོས་ཡོད་ལག་ལེན་དང་འཚོལ་ཞིབ་སྙིང་སྟོབས་ལས་འདུ་ཤེས་བསྒྱུར་བཀོད་དང་ཞིང་ཚགས་ཀྱི་བསམ་གཞིག་བྱེད་པར་སྤོབས་ཚེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པའི་གནས་ལུགས་བསྟན་པ་རེད། དེ་མིན་ཐེངས་འདིའི་བྱེད་སྒོས་ན་གཞོན་དག་གི་ལས་སྒོ་གསར་འབྱེད་ཀྱི་སྤྲོ་སྣང་དང་འཇོན་ནུས་མཐོར་འདེགས།  དེ་མིན་ན་གཞོན་མང་པོ་ཞིག་ལས་སྒོ་གསར་འབྱེད་ཀྱི་ལམ་ལ་ཞུགས་ནས་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་བར་སྣེ་ཁྲིད་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད། 

  ཐེངས་འདིའི་འགྲན་བསྡུར་བྱེད་སྒོ་ལ་ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་རིམ་པ་གསུམ་ཡོད་ལ། རྟིང་རྩོད་འགྲན་བསྡུར་སྟེང་ཡུལ་དངོས་གཏམ་བཤད་དང་དཔྱད་འདེམས་པའི་དྲི་བར་ལན་འདེབས་པ་བཅས་ཀྱི་གོ་རིམ་བརྒྱུད་འབར་ཁམས་ནས་ཐོན་པའི་འགྲན་ཞུགས་པ་ཆིག་ཞཱ་དང་གཟི་རྩ་སྡེ་དགུ་ནས་ཐོན་པའི་ཀན་ལོ་གཉིས་ལ་རིམ་བཞིན་གསར་གཏོད་ལས་གཞི་དང་ལས་སྒོ་གསར་འབྱེད་ཀྱི་གཟེངས་རྟགས་ཨང་དང་པོ་དང་སྒོར་ཁྲི་ལྔའི་ལས་སྒོ་གསར་འབྱེད་ཀྱི་ཐེབས་རྩའི་བྱ་དགའ་ཐོབ། ཨང་གཉིས་པ་དང་གསུམ་པ། ཕུལ་བྱུང་བྱ་དགའ་ཐོབ་མཁན་དག་ལའང་མང་ཉུང་མི་འདྲ་བའི་ཐེབས་རྩའི་རོགས་རམ་ཐོབ། 

  རྒྱུས་ལོན་བྱས་པ་ལྟར་ན། རྔ་བ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སོ་སོས་སྲིད་ཇུས་དང་མ་དངུལ། བརྡ་འཕྲིན་བཅས་ཀྱི་ཐད་ནས་ན་གཞོན་ལས་སྒོ་གསར་འབྱེད་པ་དག་ལ་རོགས་རམ་བྱས་པ་དང་བདེ་ཐང་ངང་འཚར་ལོངས་བྱུང་སྟེ་ལང་ཚོའི་རྨི་ལམ་མངོན་འགྱུར་བྱེད་པར་སྟེགས་བུ་བཟང་པོ་ཞིག་འདོན་སྤྲོད་བྱས་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1