སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱན་ལུས་རྩལ་འགྲན་ཚོགས་ཨུག་ཨར་ཏོ་སི་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-10


  སྤྱི་ཟླ་8པའི་ཚེས་9ཉིན། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པའི་མཛད་སྒོ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨུག་ཨར་ཏོ་སི་རུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ལིའུ་ཡན་ཏུང་གིས་སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། 

  སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ་8པའི་ཚེས་9ཉིན་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨུག་ཨར་ཏོ་སི་ནས་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོདཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀྲེན་ཝེ་གཉིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་ཞུགས། 

  མི་རིགས་ལྔ་དྲུག་གི་ལུས་རྩལ་པ་ཨུག་ཨར་ཏོ་སིའི་ལུས་རྩལ་ལྟེ་གནས་སུ་འཛོམས་ཏེ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རམ།  འཆམ་མཐུན་བཅས་བརྗོད་བྱར་བཟུང་བའི་ལུས་རྩལ་འགྲན་ཚོགས་ལ་རོལ།རྒྱལ་དར་དང་ཚོགས་དར། མཚོན་དར་རུ་ཁག་དང་མི་རིགས་ལྔ་དྲུག་གི་དཔལ་འབར་བསྒྲེངས་མཁན་གྱིས་སྣེ་ཁྲིད་དེ་ཀོང་ཞི་དང་ཉིན་ཞ། བོད་ལྗོངས། ཞིན་ཅང་། ནང་སོག་བཅས་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་ཚོགས་པ་དང་། ཐའེ་ཝན་གྲངས་ཉུང་མི་རིགས་འཐུས་ཚབ་ཚོགས་པ་དང་བཅས་འཐུས་ཚབ་ཚོགས་པ་34ཡིས་རང་སོ་སོའི་མི་རིགས་ཀྱི་རྒྱན་ཆས་སྤྲས་ཡོད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ལིའུ་ཡན་ཏུང་གིས་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་ལྷན་དུ་ལུས་རྩལ་ར་བར་དགའ་འབོད་དང་ཐེལ་མོ་རྡེབ་སྒྲས་ཁེངས།  

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཀྲེན་ཝེ་ཡིས་ཤིས་ཚིག་ཕུལ་ཞིང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཐི་ཨེར་གྱིས་དགའ་བསུའི་ཞུ་ཚིག་ཕུལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དང་། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིའུ་ཕེང་གྱིས་ལུས་རྩལ་འགྲན་ཚོགས་ལ་མདོ་འཛིན་བྱས།

  ལུས་རྩལ་འགྲན་ཚོགས་འགོ་མ་ཚུགས་པའི་སྔོན་དུ་ལིའུ་ཡན་ཏུང་དང་ཝང་ཀྲེང་ཝེ་གཉིས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམ་སྟོན་ལ་གཟིགས་ཞིབ་བྱས་པར་མ་ཟད་འཐུས་ཚབ་རུ་ཁག་སོ་སོའི་འགོ་གཙོ་དང་མི་རིགས་སོ་སོའི་འཐུས་ཚབ་ལུས་རྩལ་པར་འཚམས་འདྲི་བྱས། ལིའུ་ཡན་ཏུང་གིས་མི་རིགས་སོ་སོ་མཉམ་འདྲེས་དང་བརྗེ་རེས་བྱེད་པའི་སྤྲོ་འཛོམས་ཆེན་མོ་འདིའི་སྟེང་ལུས་རྩལ་པ་སོ་སོས་ལུས་རྩལ་ཆུ་ཚད་མཐོར་འདེགས་དང་ཐུན་མོང་གི་འདུ་ཤེས་ལ་ཤུགས་སྣོན། མི་རིགས་མི་འདྲ་བའི་རིག་གནས་ལ་མྱོང་རོལ་དང་བསམ་བློ་བརྗེ་རེས་བྱེད་དགོས་ཞེས་ནན་གྱིས་བསྟན།

  རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་རྒྱལ་ཡོངས་ཀྱི་ཞིང་ལྗོངས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་རུ་ཁག བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པ། ཐའེ་ཝན་འཐུས་ཚབ་ཚོགས་པ་བཅས་འཐུས་ཚབ་ཚོགས་པ་34ཡི་ལུས་རྩལ་པ་6240འགྲན་སྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་178ཀྱི་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད། དེ་མིན་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམ་སྟོན་དང་རིག་རྩལ་འཁྲབ་སྟོན་སོགས་ལྟད་མོ་གྱ་ནོམ་པ་མང་པོ་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1