བྲག་འགོ་རྫོང་གིས་དམར་དམག་རྒྱང་སྐྱོད་དཀར་མཛེས་བརྒྱུད་ནས་ལོ་འཁོར་80ལོན་པར་རྗེས་དྲན་ཞུ་བའི་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-11


བྱེད་སྒོའི་ཡུལ་དངོས། 

  དམར་དམག་རྒྱང་སྐྱོད་དཀར་མཛེས་བརྒྱུད་ནས་ལོ་འཁོར་80ལོན་པར་རྗེས་དྲན་ཞུ་བ་དང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱ་ཆེད་བྲག་འགོ་རྫོང་གིས་ད་ལོའི་སྤྱི་ཟླ་བདུན་པ་ནས་བཟུང་དམར་དམག་རྒྱང་བསྐྱོད་དང་འབྲེལ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ། 

  སྤྱི་ཟླ་8པའི་ཚེས་6ཉིན། བྲག་འགོ་རྫོང་ཨུ་དང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་ལུས་རྩལ་ཅུས། རྫོང་སློབ་གསོ་ཅུས། བྲག་འགོ་རྫོང་ཡིད་རྟོན་མཉམ་ལས་ཁང་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་དམར་དམག་གི་སྙིང་སྟོབས་དང་དམངས་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལུས་རྩལ་སྤྲོ་ཚོགས་རྫོང་སྐོར་འགྲན་བསྡུར་དང་ལྷན་དུ་ཚོགས་འགོ་བརྩམས། རྫོང་ཡོངས་ཀྱི་ལུས་རྩལ་རུ་ཁག་11གི་འགྲན་ཞུགས་པ་350་ལྷག་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས། 

  ཐེངས་འདིའི་བྱེད་སྒོའི་སྟེང་བདེ་སྲུང་མི་སྣ་དང་འཕྲོད་བསྟེན་འགན་སྲུང་བཅས་བཀོད་སྒྲིག་བྱས་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་སྔོན་འགོག་བྱེད་པར་གྲ་སྒྲིག་ཚགས་དམ་པོ་བྱས་འདུག ཐེངས་འདིའི་འགྲན་ཚོགས་ལ་སྐྱེས་མ་དང་སྐྱེས་པ་བཅས་རུ་ཁག་ཆེན་པོ་གཉིས་སུ་བཀར་ཏེ་རུ་ཁག་རེའི་སྔོན་གྱི་འགྲན་ཞུགས་དགུ་ལ་གཟེངས་རྟགས་སྤྲད། 

འགྲན་ཞུགས་པ་དག་གིས་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ། 

  སྤྲོ་འཛུམ་གྱི་ངོ་གདོང་རེ་རེ་ལས་ཚེ་སྲོག་ལ་བཅངས་པའི་དད་གུས་དང་། ཟོར་ཡང་གི་སྟངས་སྟབས་ལས་འཚོ་བ་ལ་བཅངས་པའི་བློ་སྤོབས་མངོན་འདུག

  ཐག་འཐེན་འགྲན་བསྡུར་དང་རྒྱུག་མཐུད་འགྲན་བསྡུར། ཐག་མཆོང་འགྲན་བསྡུར། སྨི100ཡི་འགྲན་རྒྱུག་སོགས་འགྲན་བསྡུར་རྣམ་གྲངས་རྣམས་རེ་རེ་བཞིན་སྤེལ་ཞིང་། ལྟད་མོ་བ་དག་གི་དགའ་འབོད་དང་ལྷན་དུ་འགྲན་ཞུགས་པ་དག་སྤོབས་པ་ཆེན་པོས་འགྲན་བསྡུར་རྣམ་གྲངས་སོ་སོར་ཞུགས།

  མཛའ་བརྩེ་ཨང་དང་པོ་དང་མཐུན་སྒྲིལ་ཨང་གཉིས་པ་ལངས་ཕྱོགས་སུ་འཛིན་པའི་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བརྒྱུད་དམངས་ཚོགས་ཀྱི་ལུས་ཕུང་བདེ་ཐང་གི་འདུ་ཤེས་མཐོར་འདེགས་དང་དམངས་འཚོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ནུས་ཆེན་པོ་ཐོབ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1