ཨ་རིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སེར་བར་འཕྲད་ཀྱང་བདེ་བླག་ངང་ཐང་དུ་བབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-11


  ཟླ་8པའི་ཚེས་7ཉིན། ཨ་རིའི་ཏཱ་མན་མཁའ་སྐྱོད་སྤྱི་གཉེར་ཁང་གི་Delta Airlinesཔོའོ་ཧྲི་ཏོན་ནས་ཚྭ་མཚོ་གྲོང་(盐湖城)ལ་འཕུར་བཞིན་པའི་གནམ་གྲུ་1889བར་སྣང་ནས་རླུང་རྒྱུན་དང་སེར་བ་དྲག་པོར་འཕྲད། ཚངས་ཐིག་ལ་ལི་སྨི་10ཡིས་སེར་བ་དྲག་པོས་གནམ་གྲུའི་སྒེའུ་ཁུང་གི་ཤེལ་སྒོ་དང་གནམ་གྲུའི་མགོ། GPSམ་ལག་བཅས་ལ་གཏོར་བརླག་ཆེན་པོ་ཐེབས།

  སྟབས་ལེགས་པ་ཞིག་ལ་གནམ་གྲུ་ཁ་ལོས་དྲག་རླུང་གིས་མཐོང་ལམ་བསྒྲིབས་པའི་གནས་ཚུལ་འོག་གནམ་གྲུའི་རང་འགུལ་ཁ་ལོ་བསྒྱུར་བའི་མ་ལག་ལ་བརྟེན་ཏེ་བདེ་བླག་ངང་ཐང་ལ་འབབ་ཐུབ་པ་བྱུང་། ཐེངས་འདིའི་གནམ་གྲུར་སེར་བར་འཕྲད་པའི་དོན་རྐྱེན་ལས་འགྲུལ་བ་320ལས་མི་གཅིག་ལ་རྨས་ཡང་མོ་ཞིག་ཕོག་པ་ལས། མི་གཞན་པ་རྣམས་ལ་རྨས་སྐྱོན་ཅི་ཡང་ཕོག་མི་འདུག ཐེངས་འདིར་མགྲོན་པོ་དག་ལ་རྨས་སྐྱོན་གང་ཡང་མ་བྱུང་བས་མགྲོན་པོ་དག་གིས་གནམ་གྲུ་འདིའི་འགན་འཛིན་པར་གཟེངས་རྟགས་སྤྲད་ན་འོས་པའི་བསམ་ཚུལ་བསྟན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1