2015ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན།——དར་མདོའི་ཡུལ་སྐོར་པར་རིས་འགྲེམ་སྟོན་བྱེད་སྒོ་ཁྲེན་ཏུའུ་ཅིན་ལི་རུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-12


ལྟད་མོ་བ་དག་གིས་པར་རིས་ལ་ལྟ་བཞིན་པ། 

  སྤྱི་ཟླ་8པའི་ཚེས་11ཉིན། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་སི་ཁྲོན་ཡུལ་སྐོར་སྦྲགས་ཚུགས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་བསྒྲུབས་བྱས་པའི་2015ལོའི་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན།——དར་མདོའི་ཡུལ་སྐོར་པར་རིས་འགྲེམ་སྟོན་བྱེད་སྒོ་ཁྲིན་ཏུའུ་ཅིན་ལི་དུ་སྤེལ།

བྱེད་སྒོའི་ཟུར་ཞིག

  རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཡུལ་སྐོར་པར་རིས་འགྲེམ་སྟོན་ནི་2015ལོའི་དར་མདོའི་མཛས་གཞས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་ཁག་ཅིག་ཡིན་ལ། མུ་འབྲེལ་བྱེད་སྒོ་འདི་ཟླ་8པའི་ཚེས་8ཉིན་བར་སྤེལ་རྒྱུ་རེད། ཐེངས་འདིའི་པར་རིས་འགྲེམ་སྟོན་འདིར་པར་མཁན་དག་གི་ཟུར་ངོས་མི་འདྲ་བ་ནས་དར་མདོའི་རང་བྱུང་མཛེས་ཉམས་དང་། སྤྱི་ཚོགས་ཁོར་ཡུག་པར་དུ་བླངས་པ་དག་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར། འགྲེམ་སྟོན་སྟེང་ཕག་མོ་རི། མི་རྒོད་མཚོ། ར་རྔ་ཁ། ལྷ་སྒང་། པད་མཚོ། བཞག་བྲག་རི་བོ། གངས་དཀར་རི་བོ་སོགས་མིང་དུ་གྲགས་པའི་རི་ཆུའི་མཛེས་ལྗོངས། ཐེངས་སྔོན་མར་སྤེལ་བའི་མཛའ་གཞས་རིག་གནས་ཡུལ་སྐོར་དང་ཕག་མོ་རི་བོའི་རྒྱལ་སྤྱིའི་རི་སྐོར་བྱེད་སྒོ་དང་འབྲེལ་བའི་པར་རིས་33འགྲེམ་སྟོན་བྱས་པའི་ཞོར་དུ་དར་མདོའི་ཡུལ་སྐོར་གྱི་ལམ་ཐིག་དང་ས་གནས་ཐོན་རྫས། ཡུལ་སྐོར་ལྗོངས་ཁུལ་དེ་དག་གི་འགྲོ་འདུག་ཉལ་འཆག་སོགས་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་བརྡ་འཕྲིན་འདོན་སྤྲོད་བྱས། མཇུག་མཐར་དར་མདོའི་དྲིལ་བསྒྲགས་བརྙན་ཐུང་བསྟན་པར་མ་ཟད་ལྟད་མོ་བ་དག་ལ་རིན་མེད་ཀྱི་དར་མདོའི་DMདང་འཕྲིན་ཤོག་བྱིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1