ཝང་ཏུང་མིང་གིས། རང་སྟོབས་དཔེ་བཟང་ཐིག་ཤིང་དུ་བཟུང་ནས། རང་བཀུར་རང་འབད་དང་རང་ཚུགས་ཀྱི་སྙིང་སྟོབས་དར་སྤེལ་གཏང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-12



          སྤྱི་ཟླ་8 པའི་11 ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་བའི་རང་སྟོབས་དཔེ་བཟང་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་ཚོགས་པའམ་མི་སྒེར་ལ་གཟེངས་སྟོད་ཀྱི་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཡོངས་སུ་མི་217ལ་རང་སྟོབས་དཔེ་བཟང་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་ཚོགས་པའམ་མི་སྒེར་གྱི་གཟེངས་བསྟོད་ཐོབ། ཚོགས་འདུའི་སྔོན་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་རང་རེ་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཀ་རྒྱུན་མཐུད་དང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་པའི་རེ་བ་བཏོན། 
          ཝང་ཏུང་མིང་གིས་གསུང་རྒྱུར། དུས་ཡུན་རིང་པོ་ཞིག་གི་ནང་དུ་རང་རེའི་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་རྣམས་ཀྱིས་རང་སྟོབས་མི་ཉམས་པ་དང་འབད་བརྩོན་ལྷོད་མེད་ངང་འབད་འབུངས་བྱས་ནས་རང་གི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱ་ཆེ་བའི་དབང་པོ་སྐྱོན་ཅན་ཐད་ཀྱི་ལས་བྱེད་པ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྣ་དང་སྤྱི་ཚོགས་ ཡོངས་ནས་རང་འགུལ་ངང་ཏང་དང་སྲིད་གཞུང་ལ་སེམས་ཁུར་བྱས་པ་དང་དབང་པོ་སྐྱོན་ཅན་ལ་དཀའ་ཁག་སེལ་རོགས་བྱས་པས་རང་ཞིང་གི་དབང་པོ་སྐྱོན་ཅན་གྱི་ལས་ཀ་ལ་ཡར་ཐོན་མངོན་གསལ་བྱུང་ཡོད། རང་སྟོབས་དཔེ་བཟང་གི་སྔོན་ཐོན་ལག་རྗེས་དང་ དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྣའི་དགེ་ལས་ཆེན་པོ་དེར་སློབ་སྦྱོང་བྱེད་དགོས་པ་དང་དར་སྤེལ་གཏང་དགོས་ཞེས་གསུངས།
          ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན། དབང་པོ་སྐྱོན་ཅན་གྱི་མི་ནི་དམིགས་གསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པས། དེར་ཡང་དམིགས་གསལ་གྱི་ཐུགས་ཁུར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དག་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ཤིང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སྐོར་ལ་སྔར་ལས་མཐོང་ཆེན་བྱ་དགོས། ལྷག་བསམ་རྣམ་དག་གིས་སྒོ་ནས་དབང་པོ་སྐྱོན་ཅན་ལ་དོན་དངོས་སྒྲུབ་རྒྱུ་དང་དཀའ་ཁག་སེལ་རོགས་བྱེད་པ།  ལྷག་པར་དུ་དབང་བོ་སྐྱོན་ཅན་མང་ཤོས་ཤིག་གི་འཚོ་བར་དཀལ་ངལ་ཡོད་པ་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་འབྲེལ་ནས། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ་དང་དབུལ་སྐྱོར་ལས་ཀ་ས་གནས་དེ་དང་མཐུན་པའི་སྒོ་ནས་རོགས་སྐྱོར་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་སོ་སོས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཞུགས་པ་དང་བརྩི་འཇོག་བྱེད་པ་དག་ལ་སྔར་ལས་སྐུལ་སློང་གཏང་དགོས།  དེ་བས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་གང་ཐུབ་ངང་ནས་བརྩི་འཇོག་དང་གཅེས་སྐྱོང་རོགས་རམ་བཅས་བྱེད་པའི་དར་སྲོལ་ཡག་པོ་ཞིག་ཆགས་པར་་ཧུར་བརྩོན་བྱ་དགོས།  
          རང་རེའི་ཞིང་ཆེན་ལ་ད་སྐབས་དབང་པོ་སྐྱོན་ཅན་མི་ཁྲི་622ལྷག་ཡོད།  ཞིང་ཆེན་ཡོངས་གྱི་དུད་ཁྱིམ་1/5ལ་ཟིན་ཡོད་པ་དང་མི་གྲངས་ཁྲི་2000ལྷག་ཟིན་ཡོད།  ན་ནིང་། རང་རེའི་ཞིང་ཆེན་གྱི་སྐབས་བཞི་བའི་ཞིང་ཆེན་ཡོངས་གྱི་རང་སྟོབས་མིག་དཔེ་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་གྱི་སྔོན་ཐོན་མི་སྣའི་དཔྱད་འདེམས་གཟེངས་བསྟོད་བྱེད་པའི་ལས་ཀ་འགོ་བཟུང་བ་དང་། དཔྱད་འདེམས་ཚོགས་ཆེན་ཐོག་ཏུ་གཟེངས་བསྟོད་བྱེད་པའི་མི་སྣ་217འདེམས་ཡོད་པ་དང་། དེའི་ནང་སི་ཁྲོན་ཞིང་ཆེན་གྱི་རང་སྟོབས་དཔེ་བཟང་ཅན་གྱི་མི་སྣ་49ཡོད།  སི་ཁྲོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་མ་ལག་གི་སྔོན་ཐོན་ལས་སྒྲུབ་པ་མི་38དང་། སི་ཁྲོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་གྱི་ཚོགས་པ་45    སི་ཁྲོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་སྔོན་ཐོན་མི་སྣ་45དང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་གཞིས་ཞེས་པའི་གཟེངས་རྟགས་40ཐོབ་ཡོད། ། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1