གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༡༢ཉིན།

ལུའོ་སན་ཅི་ཡིས་ཆུ་མཛོད་དུ་ཉི་འགོག་ལྒང་ཁྲི་9600འཇོག་ནས་ཐན་འགོག་ཆུ་གྲོན་བྱས།

          ལུའོ་སན་ཅི་གྲོང་ཁྱེར་གྱིས་ཆུ་ལ་གྲོན་ཆུང་བྱ་ཆེད། འགྱིག་ལྒང་ནག་པོ་ཁྲི་9600ཆུ་མཛོད་དུ་འཇོག་རྒྱུ་རེད།

          རྒྱལ་སྤྱིའི་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཁུལ་ལུའོ་སན་ཅི་གྲོང་ཁྱེར་གྱིས་ཆུ་ལ་གྲོན་ཆུང་བྱ་ཆེད། འགྱིག་ལྒང་ནག་པོ་ཁྲི་9600ལུའོ་སན་ཅི་ཆུ་མཛོད་དུ་འཇོག་ནས་ཉི་འོད་འགོག་སྟེ། ཆུ་རླངས་རླངས་འགྱུར་དང་ཆུ་སྐྱེས་སྐྱེ་འཕེལ་ལ་སྔོན་འགོག་བྱ་རྒྱུ་རེད།               

          ལུའོ་སན་ཅི་ཡི་ཧྲི་ཀྲང་ཅ་ཞི་ཏི་དང་གྲོང་ཁྱེར་གྱི་ཆུ་གློག་ཅུས་ཀྱི་ལས་བྱེད་མི་སྣས་སྤྱི་ཟླ་8པའི་ཚེས་10ཉིན་དུ་ཆུ་མཛོད་ཕྱོགས་སུ་འགྱིག་ཉི་འགོག་ལྒང་ཁྲི་2འཇོག་ཡོད། ཆུ་མཛོད་ཡོངས་རྫོགས་ཀྱི་ཕྱི་ངོས་སུ་ལྒང་ནག་པོ་ཁྲི་9600ཡིས་ཆ་ཚང་འགེབས་ཐུབ་པ་བྱས་ཡོད།

         ཐབས་ཤེས་འདི་དང་ཆུ་གློག་ཅུས་སྔོན་ཆད་ཆུ་གྲོན་ཆུང་གི་ཐབས་ཤེས་གཞན་པ་དང་བསྡུར་ན་ཨ་སྒོར་དུང་ཕྱུར་2.5གྲོན་ཆུང་བྱས་ཡོད།

         ཉི་འགོག་ལྒང་ནག་པོ་འདི་དག་གི་ཚངས་ཐིག་ཕལ་ཆེར་ལི་སྨི་10ཡོད་ལ། སྤྱི་ཆིང་71ཡོད་པའི་ཆུ་མཛོད་ངོས་ཡོངས་སུ་ཁེབས་ཡོད། ཆུ་དང་ཐལ་རྡུལ། ཆར་ཆུ། བྱ་རིགས། རི་དྭགས་བཅས་འགོག་ཐུབ།  ད་རུང་ཆུ་སྐྱེས་ཀྱི་འོད་སྦྱོར་ནུས་པ་ཉུང་དུ་གཏོང་བ་དང་། ངན་སྐྲན་ཕོག་པའི་དངོས་རྫས་རིགས་ཉུང་དུ་གཏོང་ཐུབ། བཏུང་ཆུའི་སྤུས་ཚད་ཇེ་བཟང་དུ་བཏང་བ་དང་། ད་རུང་ལོ་རེར་ཆུ་རླངས་སུ་འགྱུར་པའི་ཆུ་སྤྱི་བྲེ་དུང་ཕྱུར་11ཉུང་དུ་བཏང་ཐུབ།  འདི་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་རྫིང་བུ་454ཡི་ཆུ་མང་ཉུང་གི་ཚད་དང་འདྲ་མཚུངས་ཡིན། མི་8100ཡི་ལོ་གཅིག་གི་བཏུང་ཆུ་མཁོ་སྤྲོད་བྱ་ཆོག

         ལུའོ་སན་ཅིའི་ཆུ་གློག་ཅུས་ཀྱི་དཔོན་པོ་ཡ་ཏང་སི་ཡིས་བཤད་རྒྱུར། ལུའོ་སན་ཅི་ནི་འཛམ་གླིང་ཐོག་ཉི་འགོག་ལྒང་གིས་བཏུང་ཆུ་སྲུང་སྐྱོབ་བྱེད་པའི་གྲོང་ཁྱེར་ཐོག་མ་དེ་ཡིན།  

          ཅ་ཞི་ཏི་ཡིས་བཤད་པ་ལྟར་ན། ཅ་ལི་ཧྥུ་ཉི་ཡ་ཁུལ་གྱི་ལོ་རྒྱུས་རང་བཞིན་གྱི་ཐན་སྐྱོན་བྱུང་བའི་སྐབས་སུ། ངེས་པར་དུ་སྙིང་སྟོབས་ཆེན་པོས་གསར་གཏོད་བྱས་ན་ད་གཟོད་ཆུ་གྲོན་ཆུང་བྱེད་པའི་དམིགས་འབེན་ཆེན་པོ་འགྲུབ་ཐུབ་རྒྱུ་རེད་ཟེར། །      

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1