སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པའི་དམིགས་བསལ་གདན་ཞུའི་ཆེད་རམས་པའི་ཨུ་ཡོན་ལྷན་ཚོགས་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-13



ཕྱིར་སྡོད་པའི་ནང་ནས་མཐོ་རིམ་ཤེས་ལྡན་མི་སྣ་121ཐོག་དང་པོར་དམིགས་བསལ་ཆེད་རམས་པར་གདན་འདྲེན་ཞུས་པ། 


           སྤྱི་ཟླ་8 ཚེས་12ཉིན། སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པའི་ཆེད་རམས་པའི་ལྷན་ཚོགས་ཁྲེན་ཏུའུ་ནས་བཙུགས།  དེའི་ནང་ཕྱིར་སྡོད་པའི་མཐོ་རིམ་ཤེས་ལྡན་མི་སྣ་121དམིགས་བསལ་གྱིས་ཆེད་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་དུ་གདན་ཞུ་བྱས། ཀྲུང་གོའི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལི་ཀྲུའོ་པིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལི་ཏེང་ཅུན་ཚོགས་ཆེན་དུ་ཕེབས་པར་མ་ཟད་ཤིས་ཚིག་ཕུལ། 

           ཉེ་བའི་ལོ་འགའི་རིང་ལ།  རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་སྤུན་ཟླའི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་།  དེའི་ནང་ཕྱིར་སྡོད་སྤུན་ཟླའི་མཐོ་རིམ་ཤེས་ཡོན་མི་སྣའི་གྲངས་འབོར་མགྱོགས་མྱུར་ངང་མང་དུ་ཕྱིན་པ་དང་འབྲེལ་མེས་རྒྱལ་(ཐོ )གྱི་འཕེལ་རྒྱས་དང་བསྟུན་ནས་རྒྱལ་ནང་དུ་ལོག་པ་ཡང་ན་ཀྲུང་གོ་ནས་གསར་གཏོད་གསར་བཟོ་ཡི་ལས་རིགས་ལ་ཞུགས་པ།  ཚད་ཆེས་མཐོ་བའི་སྒོ་ནས་ཕྱིར་སྡོད་ཤེས་ཡོན་པ་བསྡུ་རུབ་བྱས་པ་དང་། ཕྱིར་སྡོད་ལས་རིགས་ཀྱི་རིམ་པ་མཐོ་བའི་ཤེས་ཡོན་མི་སྣའི་བར་འབྲེལ་བ་དང་བསམ་བློ་བརྗེ་རེས་གྱི་མཉམ་ལས་སྐོར་ལ་ཤུགས་སྣོན་ཡོང་ཆེད། ཞིང་ཆེན་ཕྱིར་སྡོད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་ལྷན་ཚོགས་འཛུགས་རྒྱུའི་ཐག་གཅོད་བྱས།   

ཐོག་དང་པོར་གདན་འདྲེན་བྱེད་པའི་ཆེད་རམས་པའི་རིག་གཞུང་གི་ཆུ་ཚད་དམ་ཤེས་ཡོན་གྱི་རིམ་པ་མཐོ་བ་དང་། དེའི་ཁྲོད་དུ་85 %ལ་འབུམ་རམས་པའི་སློབ་གནས་ལྡན། དེའི་ནང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ནང་འདྲེན་མཐོ་རིམ་ཤེས་ཡོན་པ་ཡོད་ལ།   འབྲི་ཆུ་མཁས་དབང་དམིགས་གསལ་གདན་འདྲེན་ཞུ་བའི་དགེ་རྒན་ཆེན་མོ་ཡང་ན་སྲིད་གཞུང་གི་དམིགས་གསལ་ཕོགས་སྣོན་ཆེད་མཁས་པ།  དེ་ཚོ་ནི་ལས་རིགས་སོ་སོའི་ཁག་གི་སྣེ་ཁྲིད་པ་དང་ལས་རིགས་སོ་སོའི་རྐང་འཛིན་པ་དག་ཡིན། ཁོ་ཚོའི་ཆ་སྙོམས་ཀྱི་ལོ་གྲངས་ནི་48.5ཡིན་ལ།  སྤྱི་ཚོགས་ཚན་རིག་དང་འབྲེལ་དཔལ་འབྱོར་རམ་དངུལ་རྩ། སྨན་བཅོས་འཕྲོད་བསྟེན། སྐྱེ་དངོས་སྨན་རྫས། རྒྱུ་ཆ་ཚན་རིག  གློག་རྡུལ་ཆ་འཕྲིན། ཁོར་ཡུག་ལས་གཞི། རྨང་གཞིའི་རིག་གཞུང་སོགས་ཚན་རིག་ཁག་གི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པར་མ་ཟད། སྲིད་ཞུགས་དང་གྲོས་མོལ་གྱི་ནུས་པ་ལྡན་ཡོད།

          ལི་ཀྲུའོ་པིན་གྱིས་བསྟན་དོན།  ཕྱིར་སྡོད་ཁག་གིས་རིམ་པ་མཐོ་བའི་ཤེས་ཡོན་པ་ནི་རྒྱལ་ཁབ་ལ་མཚོན་ན་ཤེས་ཡོན་པའི་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཚན་རིག་སློབ་གསོའི་ལག་བསྟར་སྐོར་དང་ཤེས་ཡོན་མི་སྣ་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་ཅན་དུ་འགྱུར་བའི་འཐབ་ཇུས་ཁྲོད་དུ་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད།  སི་ཁྲོན་ཞིང་ཆེན་ཕྱིར་སྡོད་སྤུན་ཟླའི་ཆེད་རམས་པའི་ལྷན་ཚོགས་བཙུགས་པ་ནི་སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་ཁག་གི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ལ་འཇོན་ནུས་འདོན་པའི་ལས་སྟེགས་གསར་རྐྱང་ཞིག་བསྐྲུན་པར་མ་ཟད། གསར་གཏོད་ཀྱི་གྲུབ་འབྲས་སི་ཁྲོན་ལ་ཐོབ་པ། སི་ཁྲོན་གྱི་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་ལ་རོགས་རམ་བྱས་ནས་ཐབས་ལམ་གསར་བ་ཞིག་བཏོད་པ་རེད། 

       ལི་ཏེང་ཅུན་གྱིས་ཤིས་ཚིག་ནང་དུ་རེ་བ་འདོན་རྒྱུར། གདན་འདྲེན་ཞུས་ཡོད་པའི་ཆེད་མཁས་པ་རྣམས་ཀྱིས་ཕྱིར་སྡོད་ཁག་གི་ཉམས་འགྱུར་མངོན་པ་དང་། རང་རེའི་ལས་ཀའི་ཁྱབ་ཁོངས་ནང་གི་གྲུབ་འབྲས་དེ་ཆེ་བ་ཐོན་པ་དང་བསྟུན་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་པ།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཐབས་ཇུས་ཀྱི་བློ་འདྲིའི་ནུས་པ་འདོན་སྤེལ་བྱ་དགོས། ཤུགས་རྐྱེན་ཐེབས་རྒྱ་ཇེ་ཆེར་གཏོང་བ་དང་འབྲེལ་ལམ་འཛུགས་པ།  ཕྱི་རྒྱལ་དུ་ཡོད་པའི་ཤེས་ལྡན་མི་སྣ་དེ་ལས་མང་བ་རྒྱལ་ནང་དུ་ལོག་ནས་གསར་གཏོད་ལས་གཞི་སྒྲུབ་པར་འགུག་ཐུབ་པ་དང་། དུས་མཚུངས་སུ་རིམ་པ་ཁག་གི་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་དང་ཞབས་ཞུའི་ལས་ཀ་ཡག་པོ་བསྒྲུབ་དགོས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1