གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༡༣ཉིན།

འཛམ་གླིང་འཁྲུག་ཆེན་གཉིས་པ་བརྒྱུད་མྱངས་པའི་འཛམ་གླིང་རིག་གནས་ཤུལ་བཞག


མངོན་འཕྲིན་བྱང་བུ་དང་སྣུམ་ཚོན་རི་མོ། རྗེས་དྲན་བཅས་ལ་གཞིར་བཟུང་ནས་བསྐྱར་དུ་བསྐྲུན་པའི་ཧྭ་ཧྲ་གནའ་མཁར་གྱི་མཛེས་ལྗོངས་ལྟ་ན་སྡུག

     སྤྱི་ཟླ་7པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ད་ལོར་བདམས་ཐོན་བྱུང་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཁྱབ་བསྒྲགས་བྱས། སྤྱི་ཟླ་8པར། འཇར་པན་གྱིས་འཐབ་འཁྲུག་ཕམ་ནས་མགོ་འདོགས་བྱས་ཏེ་ལོ་འཁོར་70འཁོར་བ་དང་། སྤྱི་ཟླ་9པར། འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་ཨེ་ཤ་ཡའི་གཡུལ་སར་རྒྱལ་ཁ་ཐོབ་ནས་ལོ་འཁོར་70འཁོར་བ་རེད།

      ཉེ་བའི་རིང་དུ། ཕར་བལྟས་ན་ཕན་ཚུན་འབྲེལ་བ་མེད་པའི་གནས་དོན་ཞིག་ཡིན་དུ་ཆུག་ཀྱང་། དོན་དངོས་སུ་རང་བཞིན་གྱི་འབྲེལ་བ་ཡོད་པ་སྟེ།——མཉམ་འབྲེལ་རྒྱལ་ཚོགས་ནི་རང་ཉིད་དོན་དངོས་ཀྱི་ཐོག་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཐོན་དངོས་ཡིན་པར་མ་ཟད། ལོ་རེ་བཞིན་དཔྱད་བསྡུར་འདེམས་བསྐོ་བྱས་པར་བརྒྱུད་བདམས་ཐོན་བྱུང་བའི་འཛམ་གླིང་རིག་གནས་ཤུལ་བཞག་གི་ཁྲོད་དུ། ཁ་ཤས་ཤིག་འཛམ་གླིང་འཁྲུག་ཆེན་གཉིས་པ་དང་འབྲེལ་བ་ཟབ་མོ་ཡོད། ལ་ལ་དམག་འཁྲུག་ཁྲོད་དུ་གཏོར་བརླག་ཚབས་ཆེན་ཕོག་ཡོད་པ་དང་ཡང་ན་རྩ་བ་ནས་གཏོར་བརླག་ཐེབས་ཟིན། རྟག་བརྟན་གྱི་གསོན་ཤུགས་བརྒྱུད་ནས། ལ་ལ་རྒྱུ་རྐྱེན་འདྲ་མིན་སྣ་ཚོགས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་མདེལ་ཆར་ཁྲོད་དུ་སྟབས་ལེགས་ནས་ཆག་སྒོ་ལས་གཡོལ་ཐུབ་པ་བྱུང་ཡོད་ལ། ལ་ལས་ཧྥ་ཤི་སི་ཡི་རྩུབ་སྤྱོད་དང་དམག་འཁྲུག་གི་གདུག་རྩུབ་ཐད་ཀར་ཟིན་ཐོར་བཀོད་ཡོད། འདི་དག་ཡོད་ཚད་ཀྱིས་ང་ཚོ་ལ་ཞི་བདེ་ཐོབ་རྒྱུ་དེ་ལས་སླ་མོ་ཞིག་མ་ཡིན་ཅེས་བརྗོད་བཞིན་ཡོད་དོ།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1