ཝུའེ་ཧུང་གིས། རྫོང་ཁོངས་ཀྱི་དཔལ་འབྱོར་དངོས་ནས་བརྩམས་ཏེ། བརྟན་པོ་འཕེལ་རྒྱས་ཀྱི་གཙོ་གནད་འབུར་དུ་ཐོན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15



        ཟླ་8པའི་ཚེས་12ནས་13བར། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝུའེ་ཧུང་ཙི་ཀུང་གྲོང་ཁྱེར་དང་ནེ་ཅང་གྲོང་ཁྱེར་དུ་ཞིབ་དཔྱད་ལ་སྐྱོད་དེ། དཔལ་འབྱོར་འཁོར་རྒྱུག་སྐོར་གྱི་ཚོགས་འདུགཙོ་སྐྱོང་གནང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་ཧུར་ཐག་དང་རང་འགུལ་གྱིས་ལས་དོན་སྒྲུབ་དགོས་པ་དང་། དོན་དངོས་ནས་འགོ་བརྩམས་ཏེ་གནད་འཁེལ་ཤུགས་འདོན་གྱིས་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་དགོས་པ་དང་། གླ་རྒྱག་ཞིང་པ་དང་ཞིང་ལས་ཁེ་ལས་པ་དག་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པ་དང་། དཔལ་འབྱོར་སླར་གསོ་བཅས་ལེགས་ཕྱོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།

        ཧུར་ཐག་བྱས་ནས་འཛམ་གླིང་ལ་སི་ཁྲོན་བཟོ་སྐྲུན་གྱི་ཆུ་ཚད་མཚོན་པའི་ཐོན་རྫས་དང་ཁེ་ལས། ཐོན་ལས་སོགས་འོས་སྦྱོར་བྱས་པ། ཝུའེ་ཧོང་གིས་བླང་བྱ་འདོན་རྒྱུར། ས་གནས་སྲིད་གཞུང་གིས་ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལག་རྩལ་འདུས་ཚད་མཐོ་བ་དང་ ཚོང་རའི་མདུན་ལྗོངས་ཡག་པའི་སྲོལ་རྒྱུན་ཁེ་ལས་ཚུལ་སྒྱུར་རིམ་སྤོར་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱིས་འཕེལ་རྒྱས་བརྟན་པོ་དང་ལས་ཞུགས་བརྟན་པོའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས། 

        ཝུའེ་ཧུང་གིས་ས་གནས་དེ་གའི་ཞིང་པ་ལས་ཞུགས་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱི་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱ་དགོས་པའི་མངགས་བཅོལ་ཡང་གནང་། འཕེལ་རྒྱས་གྱི་དཀའ་ངལ་བརྒལ་བར་བྱ་རྒྱུ་དང་། ས་གནས་དག་གིས་ཞིང་ཆེན་གྱིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། དཔེ་མཚོན་གྱོད་དཔེ་དྲིལ་བསྒྲགས་རྒྱ་ཆེ་བྱེད་པ་དང་། ཞིང་པ་ལས་མི་དང་ཞིང་པ་ཁེ་ལས་པ་དེ་བས་མང་པོ་ཞིག་བཀུག་སྟེ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱ་དགོས།  

        རྫོང་ཁོངས་ཀྱི་དཔལ་འབྱོར་དང་ལྷག་པར་དུ་ཞིང་པ་ལས་མིའམ་ཞིང་ལས་ཁེ་ལས་པ་རྣམས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཞི་གསར་བ་གཉེར་བ་དང་། ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་པོ་བསྐྲུན་པ། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ། ཞིང་པས་ཕྱི་ཕྱོགས་སུ་གླ་པར་རྒྱུག་པ་ལས་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་སེལ་ཐུབ། སྲིད་གཞུང་གི་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་བས་ཐོན་དགོས་ལ། རྒྱལ་ཁབ་རིམ་པའི་གཙོ་གནད་དུ་བཟུང་བའི་རྒྱབ་སྐྱོར་མ་དངུལ་གྱི་ཁ་ཕྱོགས་དང་སྲིད་ཇུས་འབྲེལ་མཐུན་བྱས་ནས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་ཀྱི་སྤྱི་པའི་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་བྱེད་པ་ཇེ་མང་དུ་གཏོང་ཐུབ་པའི་གཙོ་གནད་ཁྱབ་ཁོངས་ཀྱི་མ་དངུལ་འཇོག་རྒྱུ་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1