མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་རིགས་ཀྱི་རྒྱན་གོས་རིག་གནས་དང་སྒྱུ་རྩལ་དུས་ཆེན་མི་རིང་བར་སྤེལ་འགོ་ཚུགས་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-16



          ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ8པའི་ཚེས་18ཉིན་ནས་ཚེས་20ཉིན་བར།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་ཀྱི་རྒྱན་གོས་བཤམ་སྟོན་འདུ་ཚོགས་མཚོ་ལྷོ་ཁུལ་ཀུང་ཧོ་རྫོང་བྱང་ཁུལ་གསར་པའི་རིག་གནས་ལྟེ་གནས་ཐང་ཆེན་དུ་སྤེལ་རྒྱུ་ཡིན་པ་དང་། སྐབས་དེ་དུས་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་མ་ཟད་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་བོད་རིགས་རྒྱན་གོས་འཁྲབ་སྟོན་རུ་ཁག་འདུ་ཚོགས་སུ་ཞུགས་རྒྱུ་རེད། 
           བྱེད་སྒོ་སྤེལ་བའི་དུས་སུ་མཚོ་ལྷོ་ཁུལ་གྱི་ཐོན་རྫས་སྣ་ཚོགས་འོས་སྦྱོར་དང་རླང་འཁོར་འགྲེམ་སྟོན། ཚན་རྩལ་སྐོར་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1