སི་ཁྲོན་གྱིས་གསར་དར་ཐོན་ལས་ཆེ་གྲས་ལྔ་ལ་དམིགས་ཏེ། ཞིང་སྐུལ་ཡོང་འབབ་འཕར་སྣོན་གྱི་འཕར་གནས་གསར་བ་སྐྱེད་སྲིང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-17


རང་རེའི་ཞིང་ཆེན་གྱིས་གཞུང་ཡིག་བསྒྲགས་ཏེ་གསར་དར་ཐོན་ལས་དང་རྣམ་པ་གསར་བའི་ལས་རིགས་གནས་ཚུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཞིང་པའི་ཡོང་འབབ་འཕར་པའི་ཐབས་ལམ་གཏོད་པ།

རྒྱབ་སྐྱོར་ཆེན་མོ་བཞི།  གྲོང་གསེབ་ཀྱི་ཐོན་ལས་དང་པོ། གཉིས་པ། གསུམ་པ་དེ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ཁུངས་གཙོ་བོ་གྲུང་སྐ྄ུལ་ནུས་ལྡན་ཅན། གྲོང་གསེབ་ཀྱི་ལས་གཏོད་དང་ཞིང་དུད་ཐོན་སྐྱེད་གཉེར་སྐྱོང་གི་གྲུབ་ཚུལ་ལེགས་སྒྲིག སོགས་ལ་རྒྱབ་སྐྱོར་བྱས།

གསར་དར་ཐོན་སྐྱེད་ལྔ་ནི་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ། གྲོང་གསེབ་ཀྱི་རིག་གནས་གསར་གཏོད་སོགས་ཡིན། 



        ཉེར་ཆར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་《གསར་དར་ཐོན་ལས་དང་རྣམ་པ་གསར་བའི་ལས་རིགས་གནས་ཚུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཞིང་པའི་ཡོང་འབབ་འཕར་པའི་ཐབས་ལམ་གཏོད་པའི་བསམ་འཆར།》ཞེས་པའི་ཡིག་ཆ་སྤེལ། གཙོ་བོ་གྲོང་གསེབ་ཡུལ་སྐོར། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ། གྲོང་གསེབ་ཀྱི་རིག་གནས་གསར་གཏོད་སོགས་ལ་དམིགས་ནས་བཏོན། གསར་དར་ཐོན་ལས་ཁག་ཅིག་སྐྱེད་སྲིང་ཤུགས་ཆེན་བཏང་ནས། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་ལ་སྐུལ་འདེད་བྱ་དགོས། 

       《བསམ་འཆར》ཁྲོད་དུ་རྒྱབ་སྐྱོར་ཁ་ཕྱོགས་ཆེན་པོ་བཞི་གཏན་འཁེལ་བྱས་ཡོད་དེ། ཐོན་ལས་གསར་པའི་འཕེལ་རྒྱས་དང་རྣམ་པ་གསར་བའི་གཉེར་སྐྱོང་གྲུབ་ཆ་གཙོ་བོ། ཞིང་པའི་འབབ་འཕར་གྱི་ཐབས་ལམ་རྒྱ་སྐྱེད་ལ་སྐུལ་འདེབས་སོགས་ལས་འགན་ཆེན་པོ་གསུམ་དུ་བཟུང་ཡོད།།



རྩོམ་ཡིག་སྔོན་མ།
༄༅།། མི་ཉག
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1