ལྗང་མདོག་ཁྱིམ་གཞིས་ཞེས་པའི་བོད་རིགས་གཞས་པའི་འཁྲབ་སྟོན་སྤྲོ་ཚོགས་ལྷ་སར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


ལྗང་མདོག་ཁྱིམ་གཞིས་ཞེས་པའི་བོད་རིགས་གཞས་པའི་འཁྲབ་སྟོན་སྤྲོ་ཚོགས་ལྷ་སར་སྤེལ།

 

གླུ་གཞས་ལེན་པ།

ཡུལ་དངོས་ཀྱི་ཟུར་ཞིག

  སྤྱི་ཟླ8པའི་ཚེས15ཉིན། ལྗང་མདོག་ཁྱིམ་གཞིས་ཞེས་པའི་བོད་རིགས་གྲགས་ཅན་གཞས་པའི་འཁྲབ་སྟོན་སྤྲོ་ཚོགས་དེ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་ཞིང་། 2015ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་བྱ་འགུལ་ཞིག་ཡིན་པའི་ཆ་ནས། བོད་རིགས་གྲགས་ཅན་གཞས་པའི་འཁྲབ་སྟོན་སྤྲོ་ཚོགས་སུ་བོད་རིགས་གྲགས་ཅན་གླུ་བ་གླུ་མ་སྐོར་ཞིག་གདན་འདྲེན་ཞུས་ཡོད་ལ། ད་དུང་བོད་ཀྱི་རོལ་མོའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པའང་ཉིན་འདིར་བསྡུས།
  བོད་ཀྱི་རོལ་མོ་ནི་དམངས་ཁྲོད་ནས་འཚར་ལོངས་བྱུང་ཞིང་དམངས་ཁྲོད་དུ་རྐང་ཚུགས་ཡོད་པ་དང་། དམངས་ཁྲོད་དུ་དར་ཁྱབ་ཆེ་བ་ཡིན། སྤྲོ་ཚོགས་སུ་གླུ་བ་དང་མང་ཚོགས་བར་གར་སྟེགས་ཀྱིས་བཅད་ཡོད་ནའང་ཕན་ཚུན་ལ་བར་ཐག་རིང་བའི་འདུ་ཤེས་མེད་པ་དང་། གར་སྟེགས་སུ་ཤུགས་ཀྱིས་སྙན་འཇེབས་ལྡན་པའི་དབྱངས་ལ་འགུག་པ་དང་ཞོལ་ན་མང་ཚོགས་རྣམས་སྤྲོ་སེམས་འཁོལ་བའི་ངང་བག་བྲོ་བར་བྱེད། མ་གཞི་རྩེད་འཇོའི་དམིགས་ཡུལ་ནི་སྤྲོ་དགའི་དཔལ་ལ་རོལ་རྒྱུ་དེ་ཡིན་པ་དང་འཚོ་བའི་དམིགས་ཡུལ་ཡང་དེ་ལས་མ་འདས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1