སྐབས་དགུ་བའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་མིང་ཐོ་གསལ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-19




  

  སྤྱི་ཟླ་8པའི་ཚེས་16ཉིན། སྐབས་དགུ་བའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་མིང་ཐོ་པེ་ཅིང་ནས་གསལ་བསྒྲགས་བྱས། ཐེངས་འདིར་བསྡོམས་པའི་རྩོམ་རིག་བརྩམས་ཆོས་252འབྱོར་ཞིང་དཔྱད་འདེམས་པས་དྲང་བདེན་དང་གཟབ་ནན་གྱི་དཔྱད་ཞིབ་རིམ་པ་དྲུག་བརྒྱུད་མཐར་ཀོ་ཧྥེ་ཡི་《གཙང་པོའི་ལྷོ་ཁུལ་གྱི་དབྱངས་རྟ་གསུམ།》དང་ཝང་མེང་གི་《གནས་འདིའི་མཛེས་ལྗོངས།》ལུའི་ཕེ་ཕོ་ཡི་《ཚེ་སྲོག་གི་དེབ།》ཅིན་ཡུས་ཁྲིན་གྱི《རྒྱས་སྤྲོས།》སོའུ་ཐུང་གི་《མཆིལ་བའི་ཟིན་ཐོ།》བཅས་སྒྲུང་རིང་ལྔ་ལ་སྐབས་དགུ་བའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ། མའོ་ཏུན་རྩོམ་རིག་བྱ་དགའ་ནི་སྤྱི་ལོ་1981ལོར་སྐུ་ཞབས་མའོ་ཏུན་མཆོག་གི་ཁ་ཆེམས་ལྟར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་ལོ་བཞིར་ཐེངས་གཅིག་ལ་སྤེལ་བཞིན་པའི་རྩོམ་རིག་བྱ་དགའ་ཞིག་ཡིན་ལ། གཙོ་བོ་སྒྲུང་རིང་གསར་བརྩམས་ལ་དམིགས་པའི་བྱ་དགའ་འདི་ནི་ཀྲུང་གོའི་ཆེས་ཐོག་མའི་མི་སྒེར་གྱི་མིང་ཐོག་ནས་བཙུགས་པའི་རྩོམ་རིག་བྱ་དགའ་ཞིག་ཡིན་པ་རེད། སྐབས་དགུ་བའི་མའོ་ཏུན་རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་སྤྱི་ཟླ་དགུ་བའི་ནང་པེ་ཅིང་དུ་འཚོགས་རྒྱུ་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1