ཝང་ཏུང་མིང་གིས་ལེང་ཧྲན་ཁུལ་དབུལ་སྐྱོར་གསར་སྤེལ་ལས་གཞི་ལ་མཛུབ་ཁྲིད་དང་འབྲེལ་ཞུགས་གྲོས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20


  འབད་བརྩོན་དང་རྒྱུན་འཁྱོངས་གི་ངང་ནས་སྤྱོད་ཚུལ་ཇེ་ལེགས་སུ་བཏང་པ་དང་། དབུལ་སྐྱོང་གསར་སྤེལ་ཕྱོགས་སུ་ལོ་རེ་ལས་ལོ་རེར་ཤུགས་ཆེན་བཏང་ནས་ལེང་ཧྲན་མང་ཚོགས་ཀྱི་འཚོ་བར་སྔར་ལས་ལྷག་པའི་འགྱུར་ལྡོག་གསར་བ་བསྐྲུན།

ཝའེ་ཧུང་བཞུགས་མོལ་ཚོགས་འདུར་ཞུགས།


        སྤྱི་ཟླ་8པའི་ཚེས་18ཉིན་ནས་ཚེས་ཉིན་19བར། ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཧྲུའུ་ཅི་ཝང་ཏུང་མིང་ལེང་ཧྲན་ལ་བསྐྱོད་ནས་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་མ་ཟད་བཞུགས་གྲོས་མོལ་ཚོགས་འདུ་ཚོགས་ཤིང་གྲོས་ཚོགས་ལ་གཙོ་སྐྱོང་གནང་། གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚངས་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་ཐོག་ཏུ་དོན་འཁྱོལ་བ་དང་ལེང་ཧྲན་ཁུལ་དང་དབྱིས་རིགས་ས་ཆའི་ལེང་ཧྲན་ཆེ་ཆུང་གཉིས་གྱི་ཚན་རིགས་འཕེལ་རྒྱས། དབུལ་སྐྱོར་འགག་སྒྲོལ་གྱི་འབྲེལ་ཡོད་ལས་ཀའི་འགན་ཁུར་རྒྱུ་བཅས་ལ་སྐུལ་འདེད་བཏང་།  ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཧྲུའུ་ཅུ་གཞོན་པ། ཞིང་ཆེན་གྱི་འགོ་འཛིན་ཝེ་ཧུང་བཞུགས་མོལ་ཚོགས་འདུར་ཞུགས།  

     ཡུལ་སྤེལ་ཁུལ་ཆེ་གྲས་བཞི་ནི་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཡིན་ལ་ཞིང་ཆེན་ཏང་ཨུས་ཚད་མཐོན་པོའི་ངང་མཐོང་ཆེན་བྱ་དགོས། ན་ནིང་གི་ཟླ་3པར། ཝང་ཏུང་མིན་གིས་ལེང་ཧྲན་ཆེན་ཆུང་གཉིས་གྱི་ལྟེ་བའི་དབུལ་བོའི་རྫོང་5ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཡག་པོ་བཞི་ཞེས་དམིགས་འབེན་བཏོན་ནས་དབྱི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་ཕྱོགས་8ཀྱི་ཐད་ནས་ཞིབ་ཕྲའི་བཀོད་སྒྲིག་གནང་།  

      ཚེས་18ཉིན། ཝང་ཏུང་མིང་ལེང་ཧྲན་ཁུལ་ནས་མིན་ཉིང་རྫོང་དུ་ཕེབས་ཤིང་། སྔ་རྗེས་སུ་མན་ཧྲེ་དབན་གྲོང་རྡལ་ཤི་ཧོ་གྲོང་ཚོ་དང་ཞི་ཐུའུ་བཟོ་ལས་གླིང་ཁུལ་ལ་རྟོག་ཞིབ་བྱས།  གྲོང་ཚོང་དུད་ཚང་དུ་ཕེབས་ནས་མང་ཚོགས་ལ་ཁམས་བདེ་འདྲི་བ་དང་། དབྱིས་རིགས་གྱི་གཞི་ཁྱིམ་གསར་བ་འཛུགས་སྐྲུན། གཞི་རིམ་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་སོགས་གྱི་གནས་ཚུལ་ལ་རྟོག་ཞིབ་མཛད། 

      ཚེས་19ཉིན་གྱི་སྔ་དྲོ།  ཝང་ཏུང་མིང་གིས་ཞི་ཁྲང་གྲོང་ཁྱེར་ནས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། ལེང་ཧྲན་ཁུལ་གྱིས་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་སོགས་གྱི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་འབྲེལ་ཡོད་གྱི་གསུང་བཤད་གནང་། གྲོས་ཚོགས་དེས་ལེང་ཧྲན་ཁུལ་གྱིས་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དང་ལག་བསྟར། ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཁས་ལེན་ཡང་གནང་བ་རེད།  

      ཝང་ཏུང་མིང་གིས། མིག་སྔར།  དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་ཅུང་ཆེ་བ་དང་ལེང་ཧྲན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གཞན་སྒྱུར། དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ཁག་ལ་དཀའ་ཚེགས་ཆེ་བས། ངེས་པར་དུ་བློ་རིག་གཅིག་ཏུ་བསྒྲིམ་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་སྐབས་བབ་གྱི་གནས་ཚུལ་ལ་གསལ་རྟོགས། ངོས་འཛིན་གཏིང་ཟབ་དུ་གཏོང་བ་ལ་ཡིད་ཆེས་བརྟན་མོ། བསམ་གཞི་ཁ་གསལ་བཟོ་བ། དམ་པ་དོན་གཉེར་གྱི་འགག་སྒྲོལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་རྒྱུན་ཚུལ་ལས་འདའ་བའི་བྱེད་ཐབས་སྤྱད་དེ། བྱ་ཐབས་སྤྱད་ནས་དབུལ་ཕོངས་ས་ཁུལ་གྱི་རྣམ་པ་མགྱོགས་མྱུར་ངང་བསྒྱུར་བཅོས་བྱེད་པ། མཐའ་གཅིག་ཏུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་ལས་མཐར་བར་བྱ་དགོས་ཞེས་བསྟན།
       བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམིགས་ནས་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གྱི་དགོངས་དོན་དང་ཝེ་ཧོང་གིས་གཙོ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲིད་དོན་བྱེད་ཤུགས་ཆེ་རུ་བཏང་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཧྲུའུ་ཅི་ཁྲུས་གསོལ་ཅུན་གྱི་ཁྲིམས་ལྟར་སྐྱོང་བའི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ། ལེང་ཧྲན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཆུ་མིན་ཧྲི་ཧ་ཡིས་ལེང་ཧྲན་གྱི་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་ལས་དོན་གྱི་ཁྲིད་དོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་རེ་རེ་བཞིན་གསུང་བཤད་གལ་ཆེན་གནང་། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1