ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20



       སྤྱི་ཟླ་8པའི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་འདུའི་སྟེང་དེང་རབས་འཁོར་རྒྱུག་ལས་སྒོ་འཛུགས་སྐྲུན་བྱས་ཏེ་ཁྲིམས་མཐུན་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་། རྒྱལ་ཡོངས་གཅིག་མཐུན་གྱི་ཚོང་ར་བཙུགས་ནས་འཛད་སྤྱོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། 《གཞི་གྲངས་ཆེ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འགུལ་སྐྱོད་རྩ་གནད》ལ་གྲོས་འཆམ་བྱུང་སྟེ་ལས་སྒོ་གསར་སྐྲུན་གྱི་གསོན་ཤུགས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་པར་བསྟན་པར་མ་ཟད། ཁེ་ལས་ཆུང་གྲས་ཀྱི་ཁྲལ་བསྡུར་གཟིགས་སྐྱོང་གནང་སྟེ་ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་གསོ་སྐྱོང་གནང་དགོས་ཞེས་བསྟན། 

      ཚོགས་ཐོག་ཏུ་བསྟན་དོན། དེང་རབས་འཁོར་རྒྱུག་ལས་རིགས་ཀྱི་རྒྱལ་དམངས་དཔལ་འབྱོར་ཐོན་ལས་ཆེན་པོས་ཐོན་སྐྱེད་དང་འཛད་སྤྱོད་འབྲེལ་མཐུད་བྱས་ཏེ་སྒྲིག་གཞི་ལེགས་བཅོས་དང་འཕེལ་རྒྱས་རྣམ་པ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བྱེད་ཐུབ་པ་རེད། གཅིག་ནི་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་བར་ཆད་བཟོ་བའི་བཀག་རྒྱ་མེད་པར་གཏང་པ་དང་། སྲིད་གཞུང་གིས་དབང་ཆ་སྤྱད་དེ་ཚོང་ལས་ལ་ཚོད་འཛིན་དང་དྲང་བདེན་གྱི་འགྲན་རྩོད་ལ་ཚད་བཀག་མི་བྱེད་པ། ཚོང་རའི་དགེ་མཚན་ལ་དམིགས་ཏེ་ལུགས་མཐུན་མ་ཡིན་པའི་ཁྲལ་བསྡུ་དང་བཙན་ཤེད་ཀྱིས་ལུགས་མཐུན་མ་ཡིན་པའི་ཚོང་ལས་སྤེལ་བར་སྔོན་འགོག་བྱ་དགོས། གཉིས་ནི་གློག་རྡུལ་ཚོང་དོན་སོགས་གསར་དར་འཁོར་རྒྱུག་རྣམ་པ་རྒྱ་བསྐྱེད་དེ་མཉམ་སྦྲེལ་དྲ་བ་དང་འཁོར་རྒྱུག་འབྲེལ་མཐུད་ཀྱི་འཆར་བཀོད་ལག་བསྟར་བྱས་ཏེ་དངོས་གཟུགས་ཚོང་ལས་དང་དྲ་བའི་ཚོང་ལས་འོས་མཐུན་སྒོས་མཉམ་འབྲེལ་བྱེད་པར་ཤུགས་སྣོན་བྱ་དགོས།  གསུམ་ནི་འཁོར་རྒྱུག་ཚོང་རའི་ལྟ་རྟོག་དོ་དམ་བྱ་བ་བཟང་བོར་བསྒྲུབ་སྟེ་འཛད་སྤྱོད་པའི་ཁེ་དབང་དང་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། བཞི་ནི་ཟོག་འདྲེན་སྒྲིག་ཆས་འཛུགས་བསྐྲུན་འཐུས་ཚང་ཅན་དུ་གཏང་དགོས་ཞེས་བསྟན། 

      ཚོགས་ཐོག་ཏུ་ཁེ་ལས་ཆུང་བ་ནི་ལས་ཞུགས་ཀྱི་བརྒྱུད་ལམ་གཙོ་བོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཡིན་ཕྱིན་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ཁེ་ལས་ཆུང་བའི་ཁྲལ་བསྡུར་རྒྱབ་སྐྱོར་དང་ནོར་སྲིད་སྲིད་ཇུས་ལ་བརྟེན་ནས་ལས་སྒོ་གསར་སྤེལ་བྱ་བ་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1