གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༢༡ཉིན།

བྷ་རེ་ཟེ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་དང་དཔལ་འབྱོར་གྱི་ཕྱོགས་ནས་མཉམ་སྒྲུབ་ཤུགས་ཆེན་བྱ་རྒྱུ།


             བྷ་རེ་ཟེ་སྲིད་འཛིན་རུས་སི་ཧྥུ་དང་འཇར་མན་ཙུང་ལི་མའོ་ཁིར་གྱིས་སྤྱི་ཟླ་8པའི་ཚེས་20ཉིན་མཉམ་དུ་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཚ་འགྱུར་སྔོན་འགོག་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ལ། དུས་མཉམ་དུ་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་མངའ་ཁོངས་ཀྱི་མཉམ་ལས་ལ་ནུས་ཤུགས་འདོན་རྒྱུ་ཡིན་པར་བསྟན། 

             རུས་སི་ཧྥུས་བསྟན་དོན། བྷ་རེ་ཟེའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འཇར་མན་གྱི་ལག་རྩལ་དང་མ་དངུལ་མཁོ་བ་དང་། ལྷོ་ཕྱོགས་ཀྱི་ཐུན་མོང་ཚོང་ར་དང་ཡོ་རོབ་མཉམ་འབྲེལ་གྲོས་མོལ་ལ་ཡང་འཇར་མན་གྱི་རྒྱབ་སྐྱོར་དགོས། 

             ཉིན་དེར་རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་མཉམ་ལས་རྒྱུད་རིམ་དང་ལྡན་པའི་མིང་ཐོ་འགོད། དཔལ་འབྱོར་དང་མ་འཇོག ཚན་རྩལ། སླར་སྐྱེ་ནུས་ཁུངས། སློབ་གསོ། ཁོར་སྲུང་ལ་སོགས་པའི་ཁྱབ་ཁོངས་དང་འབྲེལ་ཡོད།    

             མའོ་ཁིར་གྱི་འཚམས་འདྲི་ལ་ཉིན་གཅིག་ལས་མེད་ཀྱང་། བྷ་རེ་ཟེ་ཕྱོགས་ཀྱིས་རྩིས་མཐོང་ཆེན་པོ་གནང་ཡོད། འདི་ན་ཞིབ་དཔྱོད་མི་སྣས་བསམ་ཚུལ་ལྟར་ན། བྷ་རེ་ཟེའི་དཔལ་འབྱོར་ཞན་དུ་འགྲོ་བ་དང་ཡོ་རོབ་མཉམ་འབྲེལ་དེ་གྷི་རི་སིའི་ཉམས་ཉེན་ལ་འཕྲད་པའི་གནས་ཚུལ་འོག རྒྱལ་ཁབ་གཉིས་ཀྱིས་མཉམ་སྒྲུབ་ཤུགས་ཆེན་གནང་རྒྱུའི་རེ་འདུན་དྲག་པོ་མངོན་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1