ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་གྱི་ཉེན་མེད་ཐོན་སྐྱེད་ལས་ཀ་ལ་སྔར་བས་ཤུགས་སྣོན་བརྒྱབ་དགོས་པའི་སྐོར་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-21




ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་འཚོགས།

                                         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ།
             སྤྱི་ཟླ་8པའི་ཚེས20ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཉེན་མེད་ཐོན་སྐྱེད་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རང་རེའི་ཞིང་ཆེན་གྱི་ཉེན་མེད་ཐོན་སྐྱེད་ལས་ཀ་ལ་སྔར་བས་ཤུགས་སྣོན་བརྒྱབ་དགོས་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རང་རེའི་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་དོན་འཁྱོལ་ལ་ཞིབ་འཇུག་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་སྐོར་གྱི་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་། 
              ཚོགས་འདུའི་ཐོག་ཏུ་ད་དུང་སྔར་ལས་ལྷག་པའི་སྒོ་ནས་ཞོད་ཟོན་དང་གནོན་འཚེ་ཆུང་དུ་གཏང་རྒྱུའི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་བླང་བྱ་བཏོན་པ་རེད། ཆར་བ་འབབ་ཚུལ་དང་འབྲུབ་འགོག་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུལ་ཆེན་པོ་བྱེད་དགོས་ཞེས་ནན་བཤད་གནང་།  ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཉེན་བརྡ་སྔོན་གཏོང་། དངོས་རྫས་གྲ་སྒྲིག་ཡག་པོ་སྒྲུབ་རྒྱུ་དང་། གཞུང་ལམ། གློག་ཤུགས། ཆུ་མཁོ་འདོན། འཕྲིན་གཏོང་འགན་སྲུང་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་གཞི་རྩའི་འཚོ་བའི་འགན་ལེན་ཡག་པོ་བྱ་དགོས་པ། ལས་རེས་སུ་རྒྱུར་ཤུགས་སྣོན་བརྒྱབ་ནས། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་དོན་འཁྱོལ་བྱས་ནས་འབྲུབ་འགོག་དང་གནོན་འཚེ་ཉུང་གཏོང་གི་དམག་འཐབ་དྲག་པོ་བྱ་དགོས་པ་ནན་གྱིས་བསྟན།།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1