མཚོ་སྔོན་གྱིས་ས་བབ་མཐོ་ཚད་སྨི་4500ཡི་སར་མེ་ཟོན་རུ་ཁག་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22



       ཉེ་ཆར་ས་བབ་མཐོ་ཚད་སྨི་4500ཡོད་པའི་མཚོ་སྔོན་འབྲི་སྟོད་རྫོང་དུ་སྤྱི་བདེ་མེ་ཟོན་རུ་ཁག་གི་སྒོ་བྱང་བཀལ་བ་དང་། རྫོང་དེར་ད་བར་ཆེད་ལས་ཀྱི་མེ་ཟོན་རུ་ཁག་མེད་པ་རེད།

       མཚོ་བོད་ས་མཐོའི་དབུས་སུ་གནས་པའི་འབྲི་སྟོད་རྫོང་དུ། དཔལ་འབྱོར་འཕེལ་རྒྱས་འགོར་བར་བརྟེན། དེ་སྔོན་རྫོང་ཡོངས་ཀྱི་མེ་ཟོན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་རྗེས་ལུས་ཡིན་པ་དང་། ཆེད་ལས་ཀྱི་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་ཧ་ཅང་ཉམས་ཞན་ཡིན་ཞིང་། རྫོང་དེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་དང་བར་ཐག་རིང་ཙམ་ཡོད་ཁར། འགྲིམ་འགྲུལ་སྟབས་བདེ་མེད་པས། གལ་སྲིད་མེ་སྐྱོན་ཐོན་ཚེ། མེ་གསོད་རླངས་འཁོར་སླེབས་པར་ཆུ་ཚོད་བཞི་ལྷག་ཙམ་འགོར་གྱི་ཡོད་པ་རེད། དེར་བརྟེན་མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འབྲི་སྟོད་རྫོང་སྲིད་གཞུང་དུ་ཆེད་ལས་མེ་ཟོན་རུ་ཁག་འཛུགས་རྒྱུའི་གཏན་འཁེལ་བྱས། ས་གནས་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་225ལྷག་ཙམ་བཏང་ནས། མེ་གསོད་རླངས་འཁོར་སོགས་སྒྲིག་བཀོད་དང་ཡོ་བྱད་ཉོས་པ་དང་། ཆེད་ལས་མེ་ཟོན་རུ་ཁག་གི་འགྲོ་གྲོན་ནོར་སྲིད་སྔོན་རྩིས་ནང་བཅུག་པ་རེད། མེ་ཟོན་རུ་ཁག་དེ་དམག་སྐུལ་དང་ལེན་བྱེད་བཞིན་པའི་དཔོན་དམག་དང་། ཆེད་ལས་རུ་མི་ལས་གྲུབ་པ་དང་། ད་ཆ་དམག་སྐུལ་དང་ལེན་བྱེད་བཞིན་པའི་དཔོན་དམག་9དང་ཆེད་ལས་མེ་ཟོན་རུ་མི་14ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1