སི་ཁྲོན་གྱིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བའི་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་དུ་འདྲེན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


  


   སྤྱི་ཟླ6པའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་གྱི་2015ལོར་སྤྱིི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་དོན་འཁྱོལ་བྱ་བའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས། རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་དེ་ཟླ་8པའི་ཚེས་21ཉིན་ཁྲེན་ཏུའུ་གྲོང་ཁྱེར་ཅིན་ཐང་ནས་འཚོགས། 
   ལོ་སྨད་དུ་སི་ཁྲོན་གྱིས་ལུའེ་ཧྥང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུ་དང་། ཀྲུང་གོའི་སྤྱི་དམངས་ཡུལ་སྐོར་དུ་སྐྱོད་པའི་ཡ་རབས་གྱི་བྱང་ཚད་གོང་མཐོར་གཏོང་བའི་བྱ་སྤྱོད་འཆར་གཞིའི་ལག་བསྟར་གཏིང་ཟབ་དུ་གཏོང་རྒྱུ། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་བཟང་པོ་སྐྱེད་སྲིང་བྱེད་རྒྱུ། དུས་སྐབས་གསར་བའི་ནང་ཁེ་ལས་ཀྱི་སྙིང་སྟོབས་དར་སྤེལ་སྐྱེད་སྲིང་བྱ་རྒྱུ། ཀུན་སྤྱོད་དཔེ་བཟང་དང་མི་སྣ་མཛེས་ཤོས་དཔྱད་འདེམས་དང་། ཁ་དམ་ཚིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་ལམ་ལུགས་ཅན་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ཁག་ལ་ཞིབ་བཤེར་བྱས། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་ཏུ་འདྲེན་རྒྱུ་བྱས།
    གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཚོགས་འདུའི་ས་གནས་ཅིན་ཐང་འདེམས་རྒྱུ་གཙོ་བོ་ནི། ཅིན་ཐང་གིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་དོན་འཁྱོལ་བྱས་པ་དེ་མི་སེར་གྱི་འཚོ་བའི་ནང་དུ་འདྲེན་པའི་ཉམས་མྱོང་དེ་ཞིང་ཆེན་ཡོངས་སུ་ཁྱལ་སྤེལ་བྱ་རྒྱུ་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1