ཞི་ཅིན་ཕིང་གིས་སྐབས་ཉེར་གཉིས་པའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


    

  སྤྱི་ཟླ་8པའི་23ཉིན། སྐབས་ཉེར་གཉིས་པའི་རྒྱལ་སྤྱིའི་ལོ་རྒྱུས་ཚན་རིག་ཚོགས་འདུ་ཧྲན་ཏུང་ཅི་ནན་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བཏང་སྟེ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་དང་རྒྱལ་སྤྱིའི་ལོ་རྒྱུས་མཐུན་ཚོགས་ཀྱི་ཀྲུའུ་ཞི་བུད་མེད་མ་ལེ་ཡ་ཐ་ཞི་ཡེ་ཐ་ལ་སོགས་ལོ་རྒྱུས་རིག་པ་བ་དག་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། 

  འཕྲིན་ཡིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས། ལོ་རྒྱུས་ནི་སྤྱི་ཚོགས་ཚན་རིག་ཀུན་གྱི་རྨང་གཞི་ཡིན་ལ། ལོ་རྒྱུས་ལ་མཐོང་ཆེན་དང་ཞིབ་འཇུག གཞི་འཛིན་བྱས་ཚེ་ཁ་སང་གི་ལོ་རྒྱུས་ལ་རྒྱུས་ལོན་དང་དེ་རིང་གི་གནས་བབ་ལ་ངོས་འཛིན། སང་ཉིན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་ཕན་ནུས་གལ་ཆེན་ཡོད་ཅེས་བསྟན། 

  ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་ལ། ཀྲུང་གོའི་འདས་སོང་གི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པ་ནི་ཀྲུང་གོའི་དེང་དུས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་པའི་གོ་རིམ་ཡིན། ཀྲུང་གོའི་གནའ་བོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་མེད་ཅིང་ལྷག་ཏུ་ཉེ་རབས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་མེད་ཚེ་ཀྲུང་གོའི་སྤྱི་ཚོགས་དང་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན། ཀྲུང་གོའི་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་དཀའ། ཀྲུང་གོ་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་རིག་གནས་བསྐྱར་དར་བྱེད་པར་འབད་པ་བྱེད་བཞིན་ཡོད་ལ། ང་ཚོས་འདས་སོང་གི་ལོ་རྒྱུས་ལས་ཤེས་རིག་གི་ཉིང་བཅུད་ལེན་དགོས་པར་མ་ཟད། འཛམ་གླིང་རྒྱལ་ཁབ་སོ་སོའི་ཤེས་རིག་ལས་ཀྱང་ལེགས་ཆ་ནང་འདྲེན་བྱེད་དགོས། ཚོགས་འདུར་ཞུགས་པའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་ཕྱིར་རྟོག་ལས་བདེན་དོན་གྱི་འོད་སྣང་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་ཞེས་ནན་གྱིས་བསྟན། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1