འཇར་པན་དུ་བཅའ་སྡོད་བྱས་ཡོད་པའི་ཨ་མེ་རི་ཁའི་དམག་གི་རྟེན་གཞིར་འབར་གས་ཀྱི་དོན་རྐྱེན་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-26



  སྤྱི་ཟླ་8པའི་ཚེས་24ཉིན། འཇར་པན་ཞང་མོའོ་ཡོན་གྲོང་ཁྱེར་གྱི་ཨ་རིའི་དམག་གི་རྟེན་གཞིར་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་ལ་མིག་སྔར་སྡོད་མིར་རྨས་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་མི་འདུག 

  འཇར་པན་གྱི་གསར་ལམ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། ཚེས་24ཉིན་གྱི་ནངས་མོ་ཆུ་ཚོད་1ཡས་མས་སུ། འཕྲོ་རིམ་འཕྲོར་འབར་གས་བྱུང་ཞིང་ཉེ་འགྲམ་གྱི་དམག་ཆས་དང་འབར་རྫས་གཉེར་བའི་ཐོག་ཁང་ཞིག་ཀྱང་མེར་ཤོར་བ་རེད།  ས་བཀྲ་ལས་ཚོད་ཞིབ་བྱས་པ་ལྟར་ན་འབར་གས་དོན་རྐྱེན་བྱུང་གནས་དང་འཇར་པན་གྱི་རྒྱལ་ས་ཏོན་ཅིན་བར་སྤྱི་ལེ་40འདུག  །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1