འཇར་མན་རྒྱལ་ཁོངས་སུ་གཏོགས་པའི་ལིག་ནེའུ་ཝང་གླིང་ཕྲན་སྟེང་ཡང་བསྐྱར་མེ་རི་འཕྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-27


  སྤྱི་ཟླ་8པའི་ཚེས་25ཉིན། འཇར་མན་གྱི་རྒྱལ་ཁོངས་སུ་གཏོགས་པའི་ལིག་ནེའུ་ཝང་གླིང་ཕྲན་གྱི་ཕེ་ཏོན་ཏེ་ལཱ་ཧྥུ་ནེའུ་མེ་རི་འཕྱུར། འདི་ནི་2015ལོའི་གླིང་ཕྲན་འདིའི་མེ་རི་འཕྱུར་ཐེངས་བཞི་པ་ཡིན་ཞིང་རྡོ་ཞུན་བཞུར་བའི་གཞི་རྒྱའང་ཤིན་ཏུ་ཆེ་བ་རེད། ལིག་ནེའུ་ཝང་གླིང་ཕྲན་ནི་མིང་དུ་གྲགས་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན་ལ། ལོ་རེར་གནས་འདིར་ཡུལ་སྐོར་ལྗོངས་རྒྱུ་ལ་ཡོང་བའི་ཡུལ་སྐོར་བ་ཤིན་ཏུ་མང་པོ་ཡོད་པ་རེད། མེ་རི་འཕྱུར་ཐེངས་རེར་ལ་རྡོ་ཞུན་ཟླ་བ་གཅིག་ཙམ་ལ་འཕྱུར་བ་དང་དལ་གྱིས་བཞུར་བའི་མེ་རིའི་རྡོ་ཞུན་འདི་ཡང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དང་བ་འདྲེན་པའི་མཛེས་ལྗོངས་ཤིག་ཏུ་གྱུར། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1