གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༨ཚེས་༢༨ཉིན།

ཨ་རིའི་བརྙན་འཕྲིན་གསར་འགོད་པ་གཉིས་ལེ་ཚན་ཐད་གཏོང་བྱེད་སྐབས་རྐྱེན་ལམ་དུ་ཤོར།


 

རྐྱེན་ལམ་དུ་ཤོར་བའི་གསར་འགོད་པ་་ཡཱ་ཏང་འོ་ཏེ་དང་ཨེ་ལེ་སན་ཕཱ་ཁུ་གཉིས།


  སྤྱི་ཟླ་8པའི་ཚེས་27ཉིན་ཨ་རའི་ཀུ་ལོན་པེ་ཡ་རྒྱང་སྒྲོག་ཀུང་སིའི་ཁོངས་གཏོགས་ཀྱི་གསར་ལམ་WDBJཡི་གསར་འགོད་པ་གཉིས་ཀྱིས་ལེ་ཚན་ཐད་གཏོང་བྱེད་སྐབས་ལག་དམར་ཞིག་གིས་མེ་མདས་བརྒྱབ་ནས་བསད།  བརྙན་འཕྲིནWDBJ7ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལག་དམར་གྱིས་གསར་འགོད་པ་གཉིས་བསད་རྗེས་རང་སྲོག་བཅད་པ་རེད། 

  རྐྱེན་ལམ་དུ་ཤོར་བའི་གསར་འགོད་པ་ནི་ལོ་ན་27ལ་སོན་པའི་ཡཱ་ཏང་འོ་ཏེ་དང་ལོ་ན་24ལ་སོན་པའི་ཨེ་ལེ་སན་ཕཱ་ཁུ་གཉིས་ཡིན་ལ། ཉེན་རྟོག་པས་བཤད་པ་ལྟར་ན། ལག་དམར་ཝེ་ཅེ་ནེའུ་ཡཱ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་བྲོས་བྱོལ་བྱེད་སྐབས་རླངས་འཁོར་གཞན་ཞིག་དང་གདོང་ཐུག་བརྒྱབ། ཉེན་རྟོག་པས་འཛིན་བཟུང་བྱེད་པའི་སྐབས་སུ་ལག་དམར་གྱིས་གློ་བུར་དུ་མེ་མདའ་རང་ཉིད་ལ་གཏད་དེ་རང་སྲོག་བཅད། །  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1