སྲིད་གཞུང་གི་མཐོ་རིམ་འཐུས་མི་19ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01



               

     ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་དྲན་གསོ་བྱ་ཆེད། ཀྲུང་གོས་ཟླ་9པའི་ཚེས་3ཉིན་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེ་རུ་དམག་གཟིགས་མཛད་སྒོར་སྤེལ་རྒྱུ་རེད། མིག་སྔའི་བར་དུ་རྒྱལ་ཁབ་49དྲན་གསོའི་བྱེད་སྒོ་ལ་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་། དེའི་ནང་ནས་རྒྱལ་ཁབ་30ཡི་གཙོ་འཛིན་ནམ་སྲིད་གཞུང་གི་འགོ་གཙོ་དང་། སྲིད་གཞུང་གི་མཐོ་རིམ་འཐུས་མི་19ཡོད། གཞན་ཡང་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འགན་ཁུར་མི་སྣ་10དང་། སྔོན་མའི་འགོ་གཙོ་6སོགས་དྲན་གསོའི་བྱེད་སྒོ་ལ་ཞུགས་རྒྱུ་རེད། 

     ཁ་ན་ཏ། འཇར་མན། ལུ་ཙེམ་པོག  ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ། ཨ་རི། ཡོ་རོབ་མནའ་འབྲེལ་སོགས་གྱི་ཀྲུང་གོའི་བཅའ་སྡོད་གཞུང་ཚབ་པ་དག་སྲིད་གཞུང་གི་ཚབ་བྱེད་བྱ་ནས་བྱེད་སྒོ་ལ་ཞུགས་རྒྱུ་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1