ལྷོ་ཁོ་རེ་ཡའི་བསླབ་ཚན་བསྒྱུར་བཅོས་ཁྱབ་སྤེལ་བཏང་སྟེ་སྐད་ཡིག་དང་དབྱིན་ཡིག་སྦྱང་ཚན་གྱི་ཁུར་པོ་ཇེ་ཡང་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02



          ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་འབྲིང་དུ་2018ལོ་ནས་བཟུང་དབྱིན་ཇི་དང་སྐད་ཡིག་གཉིས་ཀྱི་སྦྱང་ཚན་གྱི་ཁུར་པོ་ཇེ་ཡང་དུ་གཏང་རྒྱུ་བྱས། ལྷག་པར་དུ་དབྱིན་ཡིག་བསླབ་ཚན་གྱི་སྦྱང་ཚན་20%ཡས་མས་ཇེ་ཉུང་དུ་གཏང་རྒྱུ་རེད། 

          ལྷོ་ཁོ་རེ་ཡའི་སློབ་གསོ་པུའུ་ཡིས་ད་དུང་ཟླ་བ་9པའི་ཚེས་4ཉིན་གྱི་ཡར་སྔོན་དུ། སྤྱི་ཚོགས་དང་ལོ་རྒྱུས། ལུས་རྩལ་སོགས་རིག་ཚན་ཁག་ལ་ཉན་དཔང་ཚོགས་འདུ་འཚོགས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱ་རྒྱུ་རེད། དེའི་རྗེས་སུ་ཆེད་རམས་པ་དང་ཚོགས་ཞུགས་མཛུབ་སྟོན་དགེ་རྒན་ལས་གྲུབ་པའི་སློབ་གསོའི་བསླབ་ཚན་ཞིབ་བཤེར་ཚན་ཁག་གིས་གྲོས་མོལ་ཚོགས་འདུ་འཚོགས་ནས་དོན་དེ་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པར་མ་ཟད། ཟླ་བ་9བའི་ཟླ་མཇུག་དུ་སློབ་གསོའི་བསླབ་ཚན་འཆར་གཞི་དང་རྒྱུགས་ལེན་ཇུས་གཞི་དག་བཅོས་ཟིན་རྗེས་གཏན་འཁེལ་བྱ་རྒྱུ་རེད། བཟོ་བཅོས་བྱས་རྗེས་ཀྱི་སློབ་གསོའི་བསླབ་ཚན་དེ་2018ལོ་ནས་བཟུང་བཀོལ་སྤྱོད་བྱ་རྒྱུ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1