བོད་ཀྱི་གློག་བརྙན་《གཙང་པོ།》ལ་དབྱི་ཐ་ལིའི་ལེ་སིན་ནེའི་གློག་བརྙན་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


  རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཙང་པོ།ལ་དབྱི་ཐ་ལིའི་ལེ་སིན་ནེའི་གློག་བརྙན་དུས་ཆེན་གྱི་ཆེས་མཐོ་བའི་གཟེངས་རྟགས་ཏེ་ལེ་སིན་ནེའི་གཟེངས་རྟགས་ཐོབ། དེ་མཚུངས་སུ་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་ཆུང་ཆུང་དབྱངས་ཅན་ལྷ་མོར་དཔྱད་འདེམས་པའི་གཟེངས་རྟགས་ཐོབ། 

  གློག་བརྙན་གཙང་པོ།འཛམ་གླིང་གི་འགྲན་ཞུགས་བརྩམས་ཆོས་20ལྷག་ལས་རྣམ་ལས་རྒྱལ་ཏེ་ལེ་སིན་ནེའི་གཟེངས་རྟགས་བྱ་དགའ་ཐོབ་ལ། འདི་ལས་གློག་བརྙན་འདིའི་བརྗོད་སྙིང་གི་གསར་གཏོད་དང་བྱུང་རིམ་གྱི་ཞིབ་ཚགས་ཁྱད་ཆོས་མངོན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1