ལི་ཁེ་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


                                                                                       

            སྤྱི་ཟླ་9པའི་ཚེས་4ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་དང་མཇལ་འཕྲད་གནང་།  

             ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་འབར་མ་དང་རྨང་གཞིའི་མཁོ་བསྒྲིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་བྱེད་པའི་འདོད་མོས་ཡོད་ལ། བྷང་ག་ལ་དང་ཀྲུང་གོ རྒྱ་གར་དང་འབར་མའི་བཅས་བར་གྱི་དཔལ་འབྱོར་འབྲེལ་ཟམ་སོགས་མཉམ་ལས་གྲོས་གཞི་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་ས་ཁོངས་ཀྱི་མཉམ་འབྲེལ་དང་སྤེལ་རེས་སྟབས་བདེ་ཡོང་བར་བྱེད་པ། ཧུར་བརྩོན་ངང་ནས་ཐོན་ནུས་མཉམ་ལས་རྒྱ་ཆེར་སྤེལ། ཞིང་ལས་དང་ཆུ་འདྲེན། གནོད་སྐྱོན་རྗེས་ཀྱི་བཀོད་སྒྲིག བསྐྱར་འཛུགས་སོགས་ཕྱོགས་སོ་སོ་ནས་མཉམ་ལས་ཀྱི་ཆུ་ཚད་ཡར་རྒྱས་ཐད་ཧུར་བརྩོན་ཡར་བསྐྱེད་བྱ་དགོས་ཞེས་གསུངས་པ་དང་། འབར་མས་མུ་མཐུད་དུ་ཀྲུང་གོ་དང་ཤར་ཕྱོགས་མཉམ་འབྲེལ་བར་གྱི་འབྲེལ་ཟམ་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་རྒྱུར་འཛུགས་སྐྲུན་རང་བཞིན་གྱི་ཕན་འབྲས་ཐོབ་པའི་རེ་བ་ཡོད་ཞེས་གསུངས།

            ཝུའུ་ཏེང་ཧྲེང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབར་མར་ཆུ་ལོག་གི་གནོད་སྐྱོན་སེལ་བར་དུས་ཐོག་ཏུ་རོགས་སྐྱོར་འདོན་སྤྲོད་བྱ་པར་བཀའ་དྲིན་བླ་ན་མེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འབར་མའི་ཆུ་བེད་མཁོ་བསྒྲིགས་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་རེ་འདུན་ཞུས། འབར་མ་ཕྱོགས་ཀྱིས་ཧུར་བརྩོན་ངང་ནས་ལི་ཙུང་ལིའི་ན་ནིང་འབར་མར་འཚམས་འདྲི་བྱེད་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་གལ་ཆེ་བའི་བློ་རྩེ་གཅིག་མཐུན་ཡོང་བ་དོན་ཐོག་ཏུ་འཁེལ་བའི་འདོད་མོས་ཡོད་ལ། རྨང་གཞིའི་མཁོ་བསྒྲིགས་འཛུགས་སྐྲུན་མཉམ་ལས་ལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཞུང་ལམ་དང་ཆུ་འདྲེན་སོགས་མཉམ་འབྲེལ་དང་སྤེལ་རེས་མཉམ་ལས་ལེ་ཚན་སྐུལ་འདོད་མགྱོགས་སུ་གཏོང་། ན་གཞོན་དང་སློབ་གསོ་སོགས་རྒྱ་བསྐྱེད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་རབས་རིམ་བརྒྱུད་ཀྱི་མཛའ་གྲོགས་སྐུལ་སྤེལ་ཏང་དགོས་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1