ཞང་ཀང་གི་གཞུང་ཕྱོགས་ནས་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་མཛད་སྒོ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06




    ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་གཞུང་ཕྱོགས་ཀྱི་མཛད་སྒོ་འཚོགས། སྲིད་འཛིན་འགོ་གཙོ་ཙིན་ཅིན་ཧྭ་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས། ཁྲིམས་འཛིན་མི་སྣ། སྲིད་འཛིན་གྲོས་ཚོགས་ཀྱི་ཁོངས་མི། ཁྲིམས་འཛིན་ལྷན་ཚོགས་ཀྱི་འཐུས་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་མི་སྣ་གཞན་དག་མི་བརྒྱ་ཕྲག་ཁ་ཤས་དྲན་གསོ་ཞུ་བའི་མཛད་སྒོར་ཞུགས། ཞང་ཀང་གི་ཉེན་རྟོག་པའི་མེ་མདའི་གཟབ་སྦྲེང་རུ་ཁག་གིས་མེ་མདའ་21བརྒྱབ་ནས་གུས་འདུད་ཞུས། སྒྲིག་ཁྲིམས་དམག་དཔུང་གི་མེ་ཏོག་མཆོད་འབུལ་རུ་ཁག་གིས་དྲན་གསོའི་མེ་ཏོག་ལག་ཏུ་བཟུང་ནས་དྲན་གསོའི་ཁང་དུ་མེ་ཏོག་ཕུལ་བ་དང་། འདས་མཆོད་མེ་ཏོག་རེ་རེ་ཚང་མའི་སྟེང་དུ་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1