སི་ཁྲོན་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཞི་ཅིན་ཕིང་གིས་འཇར་འགོག་དམར་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-08



  སྤྱི་ཟླ་9པའི་ཚེས་7ཉིན། རང་རེ་ཞིང་ཆེན་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་རྟོག་དང་སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེ་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད། མཐུན་སྒྲིལ་དམ་ཟབ་སྒོས་རང་འགུལ་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་འཆར་འགོད་ལག་བསྟར་དང་། ཀྲུང་གོའི་ཕུགས་འདུན་ལས་སི་ཁྲོན་གྱི་ལེའུ་གསར་པ་ཞིག་བྲི་བར་གོམ་གང་མདུན་སྤོས་ཀྱིས་སྣེ་ཁྲིད་དང་སྐུལ་སློང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་པ་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུར་ཞུགས། 

  གྲོས་ཚོགས་འགོ་མ་ཚུགས་པའི་སྔོན་དུ། ཝང་ཏུང་མིང་གིས་ཚོགས་འདུར་ཞུགས་པའི་འཇར་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་འཐུས་མི་རྒན་པ་དག་ལ་འཚམས་འདྲིའི་ལག་འཇུས་བྱས་ཏེ་ཁོང་ཚོས་ལུས་ཕུང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་ལུས་ཕུང་བདེ་ཐང་དང་ཚེ་རིང་བའི་སྨོན་འདུན་ཞུས།  
  ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝང་ཏུང་མིང་གིས་གསུང་བཤད་གནང་། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་མཛད་དེ་རང་ཞིང་གི་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་འཐབ་འཛིང་པ་རྒན་པ་དང་བློ་མཐུན་རྒན་པ། དེ་མིན་འཇར་འགོག་དམག་འཁྲུག་སྐབས་སུ་ས་གནས་ལས་ཀ་དང་གསང་བའི་ལས་ཀ་གཉེར་མཁན་རྣམས་ལ་གུས་འདུན་ཞུས་པ་དང་། འཇར་འགོག་དཔའ་བོ་དཔའ་མོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་བྱས།
  ཝང་ཏུང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱིས་གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་གལ་ཆེན་བསྟན་ཡོད་ལ། ལོ་རྒྱུས་ཀྱི་གནང་པའི་དྲང་བདེན་རྒྱལ་ངེས། ཞི་བདེ་རྒྱལ་ངེས། མི་དམངས་རྒྱལ་ངེས་ཞེས་པའི་བདེན་དོན་གསལ་དཀྲོལ་བྱས་པ་དང་།  རྒྱལ་གཅེས་རིང་ལུགས་དང་འཇར་འགོག་སྙིང་སྟོབས་དར་སྤེལ་དུ་གཏང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་དགོས་པའི་གསལ་བརྡ་བསྟན་པ་རེད། ཀྲུང་ཧྭའི་བུ་དང་བུ་མོར་ཡིད་ཆེས་དང་སྤོབས་པ་ཆེན་པོ་བསྩལ་པར་མ་ཟད། རྒྱལ་ཡོངས་མི་རིགས་སོ་སོས་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་དང་བློ་སྤོབས་གནང་བ་རེད་ཅེས་བསྟན།
  ཝང་ཏུང་མིང་གིས་ད་ལྟ་རྒྱལ་ཡོངས་མི་རིགས་སོ་སོས་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱ་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་དམངས་ཚོགས་རྣམས་ཀྱིས་ཞི་ཅིན་ཕིང་གི་རྗེས་དྲན་ཚོགས་འདུའི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ་ཕྱོགས་བཞིའི་འཆར་བཀོད་འཐབ་ཇུས་ཀྱི་ལས་ཀ་སོ་སོ་ལག་བསྟར་དང་རྡོག་རྩ་གཅིག་སྒྲིལ་སྒོས་ཐོད་བརྒལ་གཉིས་ལ་སྐུལ་འདེད་གཏང་སྟེ་མཛེས་སྡུག་དཔལ་ཡོན་གྱི་སི་ཁྲོན་བསྐྲུན་པར་འབད་པ་བྱ་དགོས་ཏེ།
  གཅིག ནམ་ཡང་འཕེལ་རྒྱས་གཙོར་བཟུང་ནས་འབྱོར་འབྲིང་སྤྱི་ཚོགས་མཉམ་དུ་མངོན་འགྱུར་བྱུང་བར་ཁག་ཐེག་བྱ་དགོས།
  གཉིས། དམངས་འཚོའི་ལེགས་བཅོས་ཀྱི་འགན་སྲུང་ནི་ལས་ཀའི་འགོ་ཚུགས་ས་དང་གཞི་འབབ་སར་བཟུང་སྟེ་མི་དམངས་ཀྱི་འཚོ་བ་ཕྱུག་འགྱུར་གྱི་ལམ་དུ་འདྲེན་དགོས།
  གསུམ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་གསར་པ་བསྐྲུན་དགོས།
  བཞི། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་གཏང་ནས་སྤྱི་ཚོགས་འཆམ་མཐུན་ལ་འགན་སྲུང་བྱ་དགོས།
  ལྔ། ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཏང་སྐྱོང་འགན་ཁུར། གཟབ་ནན་ངང་ཏང་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་བློ་སྤོབས་ལྡན་པའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་རུ་ཁག་འཛུགས་སྐྲུན་བྱ་དགོས་ཞེས་བསྟན། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1