མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། མི་ཡུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཡང་དག་ལམ་བུར་སྲུང་སྐྱོབ་བྱེད་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-08



              ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70འཁོར་བའི་དྲན་གསོའི་ཚོགས་ཆེན་གྲོལ་སྐབས། ཞི་བདེའི་ཕུག་རོན་ཁྲི་7གནམ་བདེ་སྒོ་མོའི་ཐང་ཆེན་དང་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་སྟེང་ནས་ནམ་མཁར་འཕུར་སྐྱོད་བྱས་ཤིང་། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་ལ་རེ་སྙེགས་དང་རེ་སྨོན་བྱེད་པའི་འདུན་པ་འཛམ་གླིང་ལ་བརྒྱུད་སྤྲོད་བྱས་ཡོད།

             ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོ་ལ་དམག་གཟིགས་མཛད་སྒོ་ཆེན་པོ་ཐོག་མར་སྤེལ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་དམག་དཔུང་གི་མི་གྲངས་ཁྲི་30འཕྲི་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དམག་གཟིགས་འགྲེམས་སྟོན་གྱིས་རྒྱལ་སྟོབས་དང་དམག་ཟིལ་མངོན་པར་བྱས་ཡོད་ལ། དམག་མི་འཕྲི་འཐེན་བྱེད་རྒྱུ་གཙོ་བོ་ཞི་བདེ་ཡོང་བའི་ཆེད་དུ་ཡིན། དེ་གཉིས་ཟུང་འབྲེལ་བྱས་པ་དེས་ཀྲུང་གོས་དམག་འཁྲུག་དང་ཞི་བདེ་ཡི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་མཚོན་ཡོད།
              འཕེལ་རྒྱས་ཅི་འདྲའི་ཚད་ལ་ཕྱིན་ཡང་། ཀྲུང་གོས་ནམ་ཡང་བཙན་དབང་མི་སྤྱོད་པ་དང་། ནང་ཡང་རྒྱ་བསྐྱེད་མི་གཏོང་པ། ནམ་ཡང་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་སྡུག་བསྔལ་དེ་གཞན་པའི་མི་རིགས་ཀྱི་སྟེང་དུ་མི་འགེལ་པའོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གསལ་པོ་དང་གཟི་བརྗིད་དམ་བཅའ་ཡིས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ལ་བསམ་གཞིགས་གཏིང་ཟབ་གཏོང་བ་དང་། དམག་འཁྲུག་ལ་ངོས་འཛིན་གསལ་པོ་བྱས་པ། ཞི་བདེ་ལ་སྔར་ལས་ལྷག་པའི་དམ་འཛིན་བྱས་པ་སོགས་མཚོན་པར་བྱས་ཡོད་ལ། ཀྲུང་གོས་སྔོན་ནས་མཇུག་བར་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུའི་འགྱུར་མེད་འདོད་བློ་མངོན་པར་བྱས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1