བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པའི་མཛད་སྒོའི་ཁྲོད་དུ་བུད་མེད་ཡུལ་དམག་གི་གཟུགས་བརྙན་སྟོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-09


          ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པའི་ལོ་ཡིན། ཁ་སང་སྔ་དྲོ་དུས་ཚོད་10ཡི་སྟེང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པའི་རྟེན་འབྲེལ་ཚོགས་ཆེན་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤེལ། བུད་མེད་ཡུལ་དམག་ལས་གྲུབ་པའི་ཡུལ་དམག་རུ་སྟར་གྲུ་བཞིའི་གཟུགས་བརྙན་བསྟན་པ་རེད།

         ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཆེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་ཀྲུང་དབྱང་གི་སྐུ་ཚབ་ཚོགས་པས་བོད་ལྗོངས་ལ་དྲན་རྟེན་དངོས་པོ་མང་པོ་ཞིག་གནང་། མིག་སྔར། དྲན་རྟེན་དངོས་པོ་མང་ཤོས་ཤིག་ལྷ་སར་ཐོན་ཡོད་པ་མ་ཟད། དེ་དག་རིམ་བཞིན་བོད་ལྗོངས་ཀྱི་རིམ་པ་ཁག་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལག་ཏུ་སྤྲོད་རྒྱུ་བྱས།དྲན་རྟེན་དངོས་པོ་འདི་དག་ནི་བོད་ལྗོངས་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་ལ་བསམ་གཞིགས་གང་ལེགས་བྱས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་ས་གནས་དེ་གའི་མི་རིགས་ཆོས་ལུགས་ཀྱི་གོམས་སྲོལ་དང་ཡང་མཐུན། དེ་ལ་དྲན་རྟེན་གྱི་དོན་སྙིང་ལྡན་པ་མ་ཟད་སྤྱོད་སྒོ་ཆེ་ལ་བབས་ཆགས་ཀྱང་ཡིན་ནོ། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1