ལི་ཁེ་ཆང་གིས་རྒྱལ་ཡོངས་དཔེ་བཟང་དགེ་རྒན་དང་གྲོང་སྡེའི་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-10


 

  སྤྱི་ཟླ9པའི་ཚེས་8ཉིན། ཐེངས་31པའི་དགེ་རྒན་དུས་ཆེན་ཚེས་ལ་ཉེ་བའི་དུས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་དཔེ་བཟང་དགེ་རྒན་དང་གྲོང་སྡེའི་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་འཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་གཟེངས་རྟགས་ཐོབ་པའི་འཐུས་མིར་རྟེན་འབྲེལ་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་གཉེར་མཁན་དག་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོང་གིས་འཐུས་མིར་རེ་རེར་ཕྱག་འཇུས་བྱས་ཏེ་གླེང་མོལ་གནང་། ཁོང་གིས་གཞི་རིམ་ས་ཁུལ་གྱི་སློབ་མ་སློབ་གྲྭར་འགྲོ་བའི་བགྲོད་ལམ་གྱི་དཀའ་ཁག་དང་གཏན་འཇགས་ཀྱི་སློབ་ཁང་མེད་པའི་གནད་དོན་ཐག་གཅོད་བྱ་ཡོད་མེད་དང་དབང་པོ་སྐྱོན་ཅན་དགེ་རྒན་གྱི་ལས་གནས་གཏན་སྲུང་དང་གྲོང་ཁྱེར་དགེ་རྒན་གྱིས་ཞིང་གྲོང་དགེ་རྒན་ལ་རོགས་འདེགས་བྱེད་པ་ལ་ཁས་ལེན་བྱས། བོད་ལྗོངས་ནས་ཡོང་བའི་དགེ་རྒན་འཐུས་མིས་ཙུང་ལི་ལ་ཁ་བཏགས་ཕུལ།
  ལི་ཁེ་ཆང་གིས་ཞིང་གྲོང་གི་དགེ་རྒན་ནི་གཞི་རིམ་ལ་རྐང་ཚུགས་ཤིང་དཀའ་སྡུག་ལ་གདོང་གཏོད་སྤོབས་པ་དང་། མིང་གྲགས་ལ་མི་དགའ་པས་ཁོ་ཚོར་ལེ་བདའ་ཅི་ཡང་མེད་པར་སློབ་གསོའི་ལས་རྐང་ནས་འབད་པ་ཆེན་པོས་ཤེས་བྱའི་ས་བོན་རེ་རེ་མེས་རྒྱལ་གྱི་གྲུ་ཟུར་གང་རུང་དུ་གཏོར་བཞིན་ཡོད་ལ། ཞིང་གྲོང་གི་བྱིས་པ་དག་ལའང་གྲོང་ཁྱེར་གྱི་བྱིས་པ་ནང་བཞིན་སློབ་གསོ་མྱོང་བའི་གོ་སྐབས་བསྐྲུན་པ་དང་། དབུལ་ཁྱིམ་མང་པོ་ཞིག་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་རེ་བ་བསྩལ། འདིའང་གྲོང་རྡལ་དང་གྲོང་ཁྱེར་གྱི་བར་ཁྱད་ཇེ་ཆུང་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་གནད་འགག་གི་ལས་ཀ་ཞིག་རེད། ཞིང་གྲོང་གི་དགེ་རྒན་གྱི་རོགས་འདེགས་འཆར་གཞི་ལག་བསྟར་བཟང་པོ་བྱེད་དགོས་པ་དང་གཞི་རིམ་དུ་དགེ་རྒན་བྱེད་དུ་ཡོང་བ་དག་ལ་བརྩི་བཀུར་དང་འཕེལ་རྒྱས་ཀྱི་སྟེགས་བུ་བཟང་པོ་ཞིག་བསྐྲུན་དགོས་ཞེས་བསྟན།
  ལི་ཁེ་ཆང་གིས་རྒྱལ་ཁབ་དར་རྒྱས་སུ་འགྲོ་བར་སློབ་གསོ་དམིགས་སུ་འཛིན་དགོས་ལ། སློབ་གསོ་དམིགས་སུ་འཛིན་པར་དགེ་རྒན་ལ་བརྩི་བཀུར་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་སློབ་གསོའི་ལས་ཀ་དེ་སྲིད་སྐྱོང་གི་ལས་ཀ་གཙོ་བོ་ཞིག་ཏུ་འཛིན་དགོས་པར་མ་ཟད་སྔར་བཞིན་སློབ་གསོའི་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས། ནོར་སྲིད་མ་དངུལ་ལ་དཀའ་ངལ་ཆེ་ནའང་ང་ཚོས་སློབ་གསོར་རྒྱབ་སྐྱོར་གྱི་ཤུགས་ལྷོད་མི་རུང་། དགེ་རྒན་གྱི་འབྲེལ་ཡོད་སྲིད་ཇུས་དང་སློབ་གསོ་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆོད་སེམས་འགྱུར་མི་རུང་ཞེས་བསྟན།། 
      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1