སི་ཁྲོན་ཞིང་ཆེན་གྱི་དགེ་རྒན་ལས་ཀ་དང་དགེ་རྒན་དུས་ཆེན་ཐེངས་31པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11


            སྤྱི་ཟླ་9བའི་ཚེས་9ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱི་དགེ་རྒན་ལས་ཀ་དང་དགེ་རྒན་དུས་ཆེན་ཐེངས་31པའི་ཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝུའེ་ཧུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུར་ཞུགས།
        བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཞིང་དཔོན་གཞོན་པ་ཧང་ཡན་རོང་གིས་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་གནང་བའི་ཆོད་དོན་ཡིག་ཆ་བསྒྲགས་འདོན་བྱས། སློབ་གསོ་ཐིང་གི་ཐིང་ཀྲང་ཀྲུའུ་ཧྲི་ཧུང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བསྒྱུར་བཅོས་དང་དགེ་རྒན་གྱི་ལས་ཀའི་གནས་ཚུལ་སྙན་ཞུ་ཕུལ།
            ཝང་ཏུང་མིང་གིས་གསུང་བཤད་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་རྒན་གྲས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་སློབ་གསོའི་ལས་སྒྲུབ་པ། སྔོན་ཐོན་སྡེ་ཁག་སོགས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་མཛུབ་སྟོན་གནང་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཚན་རྩལ་སློབ་གསོ་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་པའི་རྨང་གཞི་དང་སྣེ་ཁྲིད་དུ་བཟུང་ནས། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་པོ་མངོན་པར་སྐུལ་འདེད་བྱས། གྲུབ་འབྲས་འདི་དག་ཐོབ་པར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱི་དཀའ་སྤྱད་ངལ་རྩོལ་དང་བློ་གྲོས་སེམས་ཤུགས་འདུས་ཡོད། 
       ཝང་ཏུང་མིང་གིས་བསྟན་དོན། མིག་སྔར། ང་ཚོ་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། སློབ་གསོའི་གོ་གནས་དང་ནུས་པ་སྔར་ལས་གལ་ཆེན་གྱུར་ཡོད་ལ། དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པའི་ཕྲག་ཐོག་ཏུ་ཁུར་བའི་འགན་འཁྲི་སྔར་བས་འགངས་ཆེན་ཡིན། འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱས་པ་དང་། མཆོང་བརྒལ་གཉིས་ལ་སྐུལ་སྤེལ་བྱས་ནས། ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་ཞིབ་འབྲི་བྱེད་པར། བརྟན་པོའི་ངང་ནས་ཚན་རྩལ་ལ་བརྟེན་ནས་སི་ཁྲོན་འཕེལ་རྒྱས་སུ་གཏང་བ་དང་སློབ་གསོ་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བ་ཞེས་པའི་འདུ་ཤེས་དམ་པོར་འཛིན་དགོས་ཤིང་། གང་ལེགས་སྒོས་སློབ་གསོའི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས། སྟོབས་ཤུགས་ཡོངས་རྫོགས་སྒོས་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱ་བ་དང་། ཧུར་ཐག་སྒོས་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོའི་ལས་དོན་བསྒྲུབས་ནས། མུ་མཐུད་དུ་སི་ཁྲོན་གྱི་སློབ་གསོའི་བྱ་བཞག་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འདོན་སྤེལ་བྱ་དགོས་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1