སྐབས་ལྔ་བའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་ཤུལ་བཞག་རིག་གནས་དུས་ཆེན་གྱི་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-11


  ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོ་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཚོད་དང་དུས་ཆེན་འདིར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་པུའུ། སི་ཁྲོན་མི་དམངས་སྲིད་གཞུང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་སྲོང་སྐྱོང་ལྟེ་གནས། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་འགན་འཁུར་བྱས་ཤིང་། ཁྲེན་ཏུའུ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་འཕྲིན་གསར་པར་སྐྲུན་ཅུས། ཆིན་ཡང་ཆུས་མི་དམངས་སྲིད་གཞུང་དང་རྒྱལ་སྤྱིའི་གཟུགས་མེད་རིག་གནས་འགྲེམས་སྟོན་གླིང་གིས་ལག་ལེན་དངོས་བསྟར་བྱས་པའི་སྐབས་ལྔ་བའི་ཀྲུང་གོའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་དེ་ཟླ་9བའི་ཚེས་11ཉིན་ནས་ཟླ་9བའི་ཚེས་20ཉིན་སི་ཁྲོན་ཁྲེང་ཏུའུ་ནས་འགོ་ཚུགས་པ་རེད།

  ཟླ་9བའི་ཚེས་11ཉིན་གྱི་སྔ་དྲོར། སྐབས་ལྔ་བའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་འགོ་ཚུགས་མཛད་སྒོ་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་ནས་གཟབ་རྒྱས་ངང་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་འགོ་ཁྲིད་དང་། རྒྱལ་ཁབ་མང་པོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བཅའ་སྡོད་གཞུང་ཚབ་ཆེན་མོ་དང་སྐུ་ཚབ། ཀྲུང་ཕྱིའི་སྐད་དུ་གྲགས་པའི་ཆེད་མཁས་དང་ཀྲུང་ཕྱིའི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་མཁན་དང་འཁྲབ་སྟོན་སྒྱུར་རྩལ་པ། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལྟ་སྦྱོང་ཚོགས་པ། དེ་བཞིན་ཁྲེན་ཏུའུ་གྲོང་མིའི་འཐུས་མི་གྲངས་ཚད་ཁྲི་ལ་ཉེ་བ་ནང་ཞུགས།

  ལོ་གཉིས་སྐབས་རེར་སྤེལ་བཞིན་པའི་ཁྲེན་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་དུས་ཆེན་ནི་2007ལོ་ནས་བཟུང་སྐབས་བཞི་ལ་ལེགས་གྲུབ་ངང་འཚོགས་པ་དང་། འཁྲབ་སྟོན་དང་འགྲེམས་ཚོགས་སོགས་ཀྱི་རྣམ་པ་སྤྱད་དེ། སྐྱེ་བོ་ཀུན་གྱི་མིག་ལམ་དུ་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ངོ་མཚར་ཆེ་ཞིང་ཡིད་དབང་འཕྲོག་པའི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་རྒྱལ་སྲིད་གཞུང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་པའི་གནས་ཚུལ་དང་གཡུར་ཟའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། སྤྱི་དམངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། སྤྱི་ཚོགས་ཡོངས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྲོད་ཞུགས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་དགེ་མཚན་ལྡན་པའི་གལ་ཆེའི་བྱས་རྗེས་བཞག་ཡོད། 2009ལོའི་ཟླ་8པར། རིག་གནས་པུའུ་ཡིས་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་དུས་ཆེན་དངོས་སུ་སི་ཁྲོན་དུ་འཚོགས་རྒྱུའི་དོན་འཁྱོལ་གནང་བ་དང་ས་གནས་ཁྲེན་ཏུའུ་རུ་གཏན་འཁེལ་བྱས་པ་ཡིན་ལ། ལོ་གཉིས་ནང་ལ་སྐབས་རེ་སྤེལ་རྒྱུའི་ཐག་གཅོད་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1