རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཐད་ཀྱི་མཛུབ་ཁྲིད་བསམ་འཆར་ཟབ་ཏུ་གཏོང་བའི་ཡིག་ཆ་དཔར་འགྲེམ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


 ཉེ་ཆར། ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཐད་ཀྱི་མཛུབ་ཁྲིད་བསམ་འཆར་ཟབ་ཏུ་གཏོང་བའི་ཡིག་ཆ་(འོག་ཏུ་མཛུབ་སྟོན་ཡིག་ཆ།)ཞེས་པ་དཔར་འགྲེམ་བྱས། དེ་ནི་དུས་རབས་གསར་པའི་མཛུབ་སྟོན་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་གྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་འཕེལ་རྒྱས་ལ་ལེའུ་གསར་པ་ཞིག་གི་སྒོ་མོ་ཕྱེས།

     རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཟབ་ཏུ་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་ཡིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ཆེན་པོ་མཚོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་འཐུས་མི་ཚོགས་ཆེན་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཐེངས་བཞི་པའི་དགོངས་དོན་ནན་འཁྱོལ་བྱེད། མཛུབ་སྟོན་ཡིག་ཆ་ལས་བསྟན་དོན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་རྒྱལ་དམངས་ཡོངས་ལ་དབང་བ་དང་། རྒྱལ་ཁབ་ཀྱི་དེང་རབས་ཅན་སྐུལ་འདེད་དང་མི་དམངས་ཀྱི་ཐུན་མོང་གི་ཁེ་དབང་ལ་ཁག་ཐེག་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གལ་ཆེའི་དངོས་པོའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་ཡིན་པས། ངེས་པར་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་ཇུས་འགོད་ལ་དོན་འཁྱོལ་ནན་མོ་བྱེད་དགོས། ཕྱོགས་ཡོངས་བཞིའི་འཐབ་ཕྱོགས་བཀོད་སྒྲིག་གི་དགོས་པ་ལྟར། དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ནས། མུ་མཐུད་དུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་སྐུལ་འདེད་དང་། ལམ་ལུགས་དང་ནང་རྐྱེན་གྱི་འགོག་རྐྱེན་དངོས་སུ་མེད་པར་བཟོས་ཏེ། གཡོ་མེད་བརྟན་པོའི་སྒོས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། 

བཅོས་སྒྱུར་གྱི་དམིགས་འབེན་རང་བཞིན་དང་ལྟ་སྐུལ་དོ་དམ་གྱི་ནུས་ལྡན་རང་བཞིན། དཔྱད་ཞིབ་གདེང་འཇོག་གི་ཚན་རིག་རང་བཞིན་མཐོར་འདེགས་གཏོང་ཆེད། མཛུབ་ཁྲིད་ཡིག་ཆ་ལས་བསྟན་དོན། རྒྱལ་ཁབ་དབང་བའི་མ་རྩའི་འཐབ་ཇུས་ཀྱི་གནས་བབ་དང་འཕེལ་རྒྱས་དམིགས་འབེན་ལ་གཞིར་བཟུང་སྟེ། རིགས་མི་འདྲ་བའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་དང་ད་ཡོད་གནས་ཚུལ། འཕེལ་རྒྱས་དགོས་མཁོ་ཟུང་འབྲེལ་བྱེད་དེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་་ཚོང་ལས་རིགས་དང་། སྤྱི་ཕན་རིགས་དབྱེ་ཆོག་ཅིང་། རིགས་འབྱེད་སྒྱུར་བཅོས་དང་། རིགས་འབྱེད་འཕེལ་རྒྱས། རིགས་འབྱེད་ལྟ་སྐུལ་དོ་དམ། རིགས་འབྱེད་འགན་འཁྲི་གཏན་ཁེལ། རིགས་འབྱེད་ཉམས་ཞིབ་ལག་བསྟར་བྱེད་ནས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ཁྲོམ་རའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་ཁེ་ཕན་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1