སྐབས་བདུན་པའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་ཞིབ་འཇུག་པས་གེ་སར་རིག་གཞུང་ཚན་ཁག་གི་ལོ་རྒྱུས་ཀྱི་གཞུང་ལུགས་དང་ལག་ལེན་སྐོར་གྱི་བསམ་གཞིགས།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15


    དཔྱད་གླེང་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་སོ་སོས་གཏམ་བཤད་གནང་བ་དང་།  དེའི་ནང་ནས་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་ནོར་བུ་དབང་ལྡན་གྱིས་གེ་སར་རིག་གཞུང་ཚན་ཁག་གི་ལོ་རྒྱུས་ཀྱི་གཞུང་ལུགས་དང་ལག་ལེན་སྐོར་གྱི་བསམ་གཞིགས་ལ་དཔྱད་བསྡུར་དང་རྒྱས་བཤད་གནང་། ངལ་གསོའི་བར་གསེང་དུ་ངེད་དྲ་བའི་གསར་འགོད་པས་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་ལ་བཅར་འདྲི་བྱས།
    བཅའ་འདྲི་བྱེད་སྐབས། ཞིབ་འཇུག་པ་ནོར་བུ་དབང་ལྡན་གྱིས་ནན་བཤད་གནང་དོན། “ལག་ལེན་གྱི་གྲུབ་ཆ་གཙོ་བོ་ནི་དམངས་ཁྲོད་དང་རིག་གཞུང་ལས་རིགས། སྲིད་གཞུང་བཅས་ཡིན་ལ། དེ་ནི་ཕྱོགས་འདི་གསུམ་པོ་མཉམ་ཤུགས་རོགས་ལས་ལ་བརྟེན་ནས་མངོན་འགྱུར་བྱས་པ་ཡིན། འདི་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་རྩལ་ལག་ལེན་བྱེད་སྟངས་ཤིག་རེད། སྲིད་གཞུང་ནི་རིག་གནས་ལག་ལེན་ལག་བསྟར་བྱེད་པའི་སྐུལ་འདེད་མཁན་ཡིན་པའི་ཆ་ནས། 《གེ་སར》རིག་གནས་ཀྱི་འཛུགས་སྐྲུན་དང་སྲུང་སྐྱོབ་དེ་སྲིད་གཞུང་གི་རིག་གནས་འཐབ་ཇུས་ཀྱི་རྣམ་གྲངས་ནང་དུ་འཇུག་དགོས། རྒྱུད་འཛིན་པ་ལ་སྐུལ་འདེད་བྱེད་པའི་ཡུན་རིང་ནུས་ལྡན་གྱི་ལམ་སྲོལ་འཛུགས་པ་དང་། 《གེ་སར》གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ། ལོ་གཉིས་རེའི་ནང་ལ་མགོ་ལོག་རྨ་ཡུལ་《གེ་སར》རིག་གནས་དུས་ཆེན་སྤེལ་པ། དུས་བཅད་མེད་པར་《གེ་སར》སྒྱུ་རྩལ་པའི་གཟེངས་བསྟོད་ཚོགས་འདུ་འཚོགས་པ། 《གེ་སར》ཀྱི་ལོ་རྒྱུས་སྙན་རྩོམ་ས་གནས་ཀྱི་སློབ་གྲྭ་་ཆུང་འབྲིང་གི་སློབ་དེབ་ཏུ་བསྒྲིགས་པ། མགོ་ལོག་ཁུལ་གྱི་《གེ་སར》རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་འཛུགས་བྱས་པ་བཅས་ཀྱིས། ནུས་ཤུགས་ཡོད་རྒུ་བཏོན་ནས་“མགོ་ལོག་རྨ་ཡུལ་གྱི་《གེ་སར》རིག་གནས་འཁྱམས་རིང་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱིས་ཆེད་དངུལ་བཏང་ནས་《གེ་སར》ཆེད་དོན་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཟིན་པ་དང་། རྒྱལ་ཁབ་རིམ་པའི་《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་རྒྱུའི་ཆོག་མཆན་ཉིན་ཤས་གོང་སྤྲད་ཡོད་པ་རེད་། མིག་སྔར། རྒྱལ་ཁབ་རིམ་པའི་《གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཙུགས་པ་དང་བསྟུན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་“《གེ་སར》ལོ་རྒྱུས་སྙན་རྩོམ་སྲོལ་རྒྱུན”སྲུང་སྐྱོང་བྱེད་པའི་ཡུན་རིང་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བཞིན་ཡོད། སྔར་ལས་ལྷག་པས་《གེ་སར》སྲུང་སྐྱོང་ལས་ཀའི་ཁྲོད་ཀྱི་སྡེ་ཁུལ་གྱིས་རྨང་གཞི་བྱས་པ་དང་། རིག་གཞུང་ལས་རིགས་ཀྱིས་རིག་མཛོད་བྱས་པ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ཕྱོགས་གསུམ་མཉམ་ཤུགས་སམ་ཕྱོགས་མང་ལག་ལེན་དང་དེའི་སྤེལ་རེས་རྣམ་པ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བ་རེད། འདི་ནི་རང་རྒྱལ་གྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་བརྟག་ཐབས་སྨྲ་བའི་གསར་གཏོད་དང་བསྒྲིགས་འཛུགས་ཤིག་ཀྱང་ཡིན། དེས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ངེས། ཞེས་བཤད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1